ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥན་ཏི་པའེ་ལུང་ལ་མུ་མཐུད་ནས་ཨོ་སི་ཁྲུ་རི་ཡ་མནའ་འབྲེལ་གྱི་སྲིད་འཛིན་དུ་བསྐོས་པར་རྟེན་འབྲེལ་ཞུ་ཡིག་སྤྲིངས་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥན་ཏི་པའེ་ལུང་ལ་གློག་འཕྲིན་བཏང་ནས་ཁོ་རང་མུ་མཐུད་ནས་ཨོ་སི་ཁྲུ་རི་ཡ་མནའ་འབྲེལ་གྱི་སྲིད་འཛིན་དུ་བསྐོས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས། ངས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་འབྲེལ་བར་མཐོང་ཆེན་བླ་མེད་གནང་བཞིན་ཡོད་ལ། སྲིད་འཛིན་ཧྥན་ཏི་པའེ་ལུང་དང་མཉམ་དུ་ཀྲུང་ཨོ་མཛའ་འབྲེལ་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།