ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཁྲོམ་རའི་གཙོ་གཞི་ལོ་བཅུའི་རིང་དུང་ཕྱུར1ཡན་འཕར་སྣོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲོམ་རའི་ལྟ་སྐུལ་སྤྱི་ཁྱབ་ཅུའུ་ཡིས་ཚེས10ཉིན་བསྒྲགས་པའི་ཆེས་གསར་བའི་གཞི་གྲངས་ལྟར་ན། ལོ་ངོ་བཅུའི་རིང་། རང་རྒྱལ་གྱི་ཁྲོམ་རའི་གཙོ་གཞི་སྤྱི་འབོར་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་ཡོད། 2022ལོའི་ཟླ8པའི་ཟླ་མཇུག་བར་དུ། ཐོ་འགོད་བྱས་ཡོད་པའི་ཁྲོམ་རའི་གཙོ་གཞི་དུད་ཚང་དུང་ཕྱུར1.63ཡོད་པ་དང་། 2012ལོའི་ལོ་མཇུག་གི་དུད་ཚང་ཁྲི5500དང་བསྡུར་ན་དུད་ཚང་དུང་ཕྱུར1འཕར་སྣོན་བྱུང་ལ། ལོ་རེའི་ཆ་སྙོམས་ཀྱིས་འཕར་ཚད12%ལ་སླེབས་ཡོད། དེའི་ནང་ཁེ་ལས་དུད་ཚང་ཁྲི1300ནས་དུད་ཚང་ཁྲི5100ལ་འཕར་བ་དང་། ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱི་ཁེ་ལས་སྤྱི་གྲངས་དང་ཕལ་ཆེར་མཚུངས། མི་སྟོང་གི་ཁེ་ལས་གྲངས་ཀ་དེ་དུད་ཚང་ཁྲི11.4ནས་དུད་ཚང་ཁྲི36.1ལ་འཕར་ཡོད། སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲི4060ནས་དུང་ཕྱུར་1.09ལ་འཕར་ནས་ལོ་རྒྱུས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་བསླེབས། ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་སྔོན་ཆད་ཀྱི་ཁྲི70ཙམ་ནས་ཁྲི222.5ལ་འཕར་ཞིང་། ལྡབ2ལྷག་ཇེ་མང་དུ་སོང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།