ཀྲུང་གོ་བོད་ཀྱི་དྲ་བ།

《དོན་དངོས་ཀྱི་བྱ་སྤྱོད་བརྒྱུད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་དཔྱད་གླེང་འཛིན་གྲྭ་རུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དཔྱད

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། 《དོན་དངོས་ཀྱི་བྱ་སྤྱོད་བརྒྱུད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་དཔྱད་གླེང་འཛིན་གྲྭ་རུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དཔྱད་བརྗོད》ཅེས་པའི་དཔེ་དེབ་ཞིན་ཧྭ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། 

ཟླ7པའི་ཚེས26ཉིན་ནས་ཚེས27ཉིན་བར། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་བྱེད་པའི”ཆེད་དོན་དཔྱད་གླེང་འཛིན་གྲྭ་པེ་ཅིང་དུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔྱད་གླེང་འཛིན་གྲྭའི་སྟེང་གསུང་བཤད་ཧ་ཅང་གལ་ཆེན་གནང་བ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གནང་།

དཔེ་དེབ་འདིའི་ནང་ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི《དུས་རབས་ཀྱི་དཔྱད་གཞིར་ལན་བཏབ་ནས་བསྐྱར་དར་གྱི་བགྲོད་ལམ་ལ་འོད་སྣང་སྦྱིན》ཞེས་པ་དང་། 《ད་ལྟའི་ཀྲུང་གོར་རྒྱུས་ལོན་བྱ་དགོས་ན་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་ལོན་བྱེད་དགོས་པ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་མིག་ནང་གི་དུས་རབས་གསར་པའི་ཀྲུང་གོའི་རྨད་བྱུང་གི་ལོ་ངོ་བཅུ》ཞེས་པ་དང་།《བསྐྱར་དར་གྱི་བགྲོད་ལམ། བདེན་ལུགས་ཀྱི་ཉི་འོད།——ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པར་གོ་བ་ཟབ་མོ་ལེན་དགོས》ཞེས་པ་སོགས་རྩོམ་ཡིག19བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་དཔྱད་གླེང་འཛིན་གྲྭ་རུ་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་ལ་རྒྱས་འགྲེལ་བྱས་ཡོད་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མུ་མཐུད་དུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་རྒྱུ་དང་། གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་རྒྱུ་དེ་རེད། དཔེ་དེབ་འདིས་རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བཟང་པོ་བྱས་ཏེ། དོན་དངོས་ཀྱི་བྱ་སྤྱོད་བརྒྱུད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པར་ཕན་ནུས་ཆེན་པོ་ལྡན་པ་ཡིན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།