ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་ཀེན་ཐིན་གྱི་སྤྱི་ཚོགས་རིག་གནས་འབྲེལ་འདྲིས་མཐོ་རིམ་གླེང་སྟེགས་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་དང་ཨ་ཀེན་ཐིན་གྱི་སྤྱི་ཚོགས་རིག་གནས་འབྲེལ་འདྲིས་མཐོ་རིམ་གླེང་སྟེགས་འཚོགས་པ་དང་ཧོང་ཁུན་མིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ནས་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས28ཉིན། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་སྤྱི་ཚོགས་རིག་གནས་འབྲེལ་འདྲིས་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གླེང་སྟེགས་ལ་ཞུགས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་ནས་ཤིས་ཚིག་ཕུལ། ཀྲུང་གོར་སྡོད་པའི་ཨ་ཀེན་ཐིན་གྱི་གཞུང་ཚབ་ཆེན་མོ་ཉིའུ་ཝང་ཏའོ་ཡིས་ཧྥེར་ནན་ཏེ་སིའི་ཙུང་ཐུང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། 

ཧོང་ཁུན་མིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧྥེར་ནན་ཏེ་སིའི་རྟེན་འབྲེལ་འཕྲིན་ཡིག་ནང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད་ལ། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་སྤྱི་ཚོགས་རིག་གནས་འབྲེལ་འདྲིས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐུགས་རེ་ཟབ་མོའང་མཚོན་ཡོད་ལ། ཐེངས་འདིའི་གླེང་སྟེགས་ཡག་པོར་གཉེར་བར་ཁྲིད་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད། 

ཧོང་ཁུན་མིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་ཀ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། ཚང་མར་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་དམངས་འཚོར་བདེ་སྐྱིད་སྐྲུན་པའི་དཔྱད་གཞི་གལ་ཆེན་ལ་འཕྲད་ཡོད། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་དང་དར་རྒྱས་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་བཏང་ཞིང་། རྒྱུན་མཐུད་ངང་མཉམ་ལས་གཉིས་རྒྱལ་གྱི་གཏམ་རྒྱུད་ཡག་པོར་བཤད་དེ། ཞི་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་མཁན་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་མཁན། ཀྲུང་ཨའི་མཛའ་བརྩེ་བརྒྱུད་སྤེལ་བྱེད་མཁན་བཅས་བྱེད་དགོས། སྤྱི་ཚོགས་རིག་གནས་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། རིམ་པ་མང་བ་དང་ཁྱབ་ཁོངས་མང་བ། སྣེ་མང་ཅན་གྱི་འབྲེལ་འདྲིས་དང་མཉམ་ལས་བྱས་ཏེ། ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་དམངས་སེམས་ཀྱི་སྦྲེལ་ཟམ་ཧུར་ཐག་གིས་བསྐྲུན་དགོས། འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་དང་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཞིང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དྲང་གཞག་དངོས་ཡོད་དང་དགེ་མཚན་ལྡན་ལ་སྐྱོན་དང་བྲལ་བའི་རྒྱལ་སྤྱིའི་གླེང་ཕྱོགས་ཁོར་ཡུག་བསྐྲུན་ནས། དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་ཆེད་དྲང་ནུས་སྔར་བས་མང་བ་སྣོན་དགོས། 

ཐེངས་འདིའི་གླེང་སྟེགས་ནི2022ལོའི་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་མཛའ་མཐུན་མཉམ་ལས་ལོའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཀྱི་གཅིག་ཡིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨ་ཀེན་ཐིན་སྤྱི་པའི་སྨྱན་སྦྱོར་རྒྱལ་སྲིད་དྲུང་ཡིག་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་པ་དང་། རྒྱལ་ཁབ་གཉིས་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐུས་མི100ལྷག་དྲ་ཐོག་དང་ཡུལ་དངོས་ཀྱི་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།