ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་དུས་ཚིགས་བཞི་བའི་དཔལ་འབྱོར་བརྟན་བརླིང་ཡོང་པར་སྐུལ་འདེད་གཏོང་བའི་ཚོགས་འདུར་མགོ་འཛིན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུར་མགོ་འཛིན་མཛད་དེ། དུས་ཚིགས་བཞི་བའི་དཔལ་འབྱོར་བརྟན་བརླིང་ཡོང་ཆེད་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་། 

པར་འདི་ནི་ཟླ9བའི་ཚེས28ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་དུས་ཚིགས་བཞི་བའི་དཔལ་འབྱོར་བརྟན་བརླིང་ཡོང་ཆེད་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བའི་ཚོགས་ཐོག་ཏུ་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཧན་ཀྲིན་ཚོགས་འདུར་ཞུགས།

འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚོང་དོན་པུའུ། མི་དམངས་དངུལ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་བརྟན་བརླིང་ལྟ་སྐུལ་ཁྲིད་སྟོན་དང་ཞབས་ཞུའི་ལས་དོན་ཚོགས་ཆུང་བཅས་ཀྱིས་སྙན་ཞུ་ཕུལ། ལི་ཁེ་ཆང་གིས་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱིས་ཕོག་ཐུག་འོག་དུས་ཚིགས་གཉིས་པའི་དུས་མགོའི་དཔལ་འབྱོར་མངོན་གསལ་གྱིས་མར་ཆག་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ལས་དོན་མང་པོ་བསྒྲུབས་པ་རེད། ང་ཚོས་སྤྱི་ཁོག་གི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་ཆེད་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་རྒྱུན་མཐུད་སྲིད་ཇུས་དུས་ཐོག་ཏུ་བཏོན་པ་དང་། ལོ་ཤས་གོང་ནས་གྲབས་གསོག་བྱས་པའི་སྲིད་ཇུས་ཡོ་བྱད་ལས་སྤྱོད་འོས་པ་རྣམས་སྤྱོད་རྒྱུ་དང་སྲིད་ཇུས་ནུས་ལྡན་དང་གཞི་ཁྱོན་ལུགས་མཐུན་ཡོང་བ་བྱས་ཡོད། བརྟན་བརླིང་ངང་འཕར་སྣོན་འབྱུང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་རྒྱུ་དང་ཚོང་རའི་གཙོ་ཤུགས་དེ་ལས་ཞུགས་དང་ཟོག་གོང་བརྟན་པོ་ཡོང་བར་འགན་སྲུང་བྱེད་པ། ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་ཆེ་རུ་གཏོང་བ། བཅོས་བསྒྱུར་ལ་བརྟེན་ནས་གསོན་ཤུགས་རྒྱས་སུ་འཇུག་པ་བཅས་བྱེད་དགོས། ས་གནས་ཁག་ལ་ལྟ་སྐུལ་ཁྲིད་སྟོན་དང་ཞབས་ཞུ་སྤེལ་ནས་སྲིད་ཇུས་དང་རྣམ་གྲངས་དོན་འཁྱོལ་ཡོང་བའི་ཐད་ལ་དཀའ་ངལ་འཕྲད་པ་རྣམས་མཐུན་སྦྱོར་ངང་ཐག་གཅོད་བྱ་དགོས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དཔལ་འབྱོར་མར་ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་ནས་དུས་ཚིགས་གསུམ་པའི་དཔལ་འབྱོར་སྤྱིའི་ཆ་ནས་སླར་གསོ་བརྟན་པོ་བྱུང་ཡོད་ཅེས་བསྟན།

ལི་ཁེ་ཆང་གིས་དཔལ་འབྱོར་བརྟན་པོ་ཡོང་བར་བྱ་རྒྱུ་དེ་ལས་ཞུགས་དང་དམངས་འཚོ་ལ་འབྲེལ་བ་དམ་ཟབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། རིམས་ནད་ལ་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ཕན་འབྲས་ཆེ་བའི་སྒོ་ནས་སྤྱི་འདོམས་བྱེད་པ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་པ། དཔལ་འབྱོར་བརྟན་བརླིང་དང་རྨང་གཞི་སྲ་བརྟན་དུ་གཏོང་བ། སླར་ཡང་དཔལ་འབྱོར་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས། དུས་ཚིགས་བཞི་པའི་དཔལ་འབྱོར་དེ་ལོ་ཧྲིལ་པོར་མཚོན་ན་རིན་ཐང་ཆེས་ཆེ་ཤོས་དེ་ཡིན་ལ་འབྲེལ་ཡོད་ཀྱི་སྲིད་ཇུས་མི་ཉུང་བ་ཞིག་དུས་ཚིགས་བཞི་བའི་ནང་ནུས་པ་འདོན་སྤེལ་བྱ་དགོས་སྟབས། ཡིད་ཆེས་ཆེ་རུ་གཏོང་བ་དང་དུས་ཚོད་ཀྱི་སྐར་ཁུང་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་འཛིན་བྱེད་པ། ཁྲོམ་རའི་སྔོན་དཔག་ཇེ་བརྟན་དུ་གཏོང་བ། ཁྱོན་ཡོངས་ནས་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད། ལུགས་མཐུན་ཁུལ་དུ་དཔལ་འབྱོར་འཁོར་སྐྱོད་བྱེད་ཐུབ་པར་ཁག་ཐེག་བཅས་བྱེད་དགོས་ཞེས་གསུང་།

ལི་ཁེ་ཆང་གིས་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དགོས་མཁོ་ཅུང་ཆུང་བའི་འགལ་ཟླར་དམིགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཕན་ནུས་ལྡན་པའི་མ་འཇོག་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། ཁྲོམ་རའི་བྱེད་པོ་དང་སྤྱི་ཚོགས་ཀྱི་མ་རྩ་ཧུར་ཐག་སྒོས་སྐོང་འཐེན་བྱེད་པ། མུ་མཐུད་དུ་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་རྒྱུན་མཐུད་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ། ཉེ་དུས་བཏོན་པའི་སྲིད་ཇུས་ཀྱི་བྱེད་ཐབས་གལ་ཆེན་གཉིས་ལ་མཐོང་ཆེན་གང་ལེགས་བཅས་བྱེད་དགོས། གཅིག་ནས་སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་ཡག་པོ་བཀོལ་ནས་ས་གནས་ཀྱི་རྣམ་གྲངས་དགོས་མཁོར་གཞིགས་ཏེ་ལུགས་མཐུན་ངང་གྲངས་བཅད་གཏོང་སྤྲོད་བྱ་རྒྱུ་དང་། མ་དངུལ་བེད་སྤྱོད་དང་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཚིགས་བཞི་པར་དངོས་དོན་གྱི་ལས་ཀ་མང་པོ་ལེགས་འགྲུབ་བྱེད་དགོས། གཉིས་ནས་ཆེད་དོན་དངུལ་བུན་བསྐྱར་གཏོང་དང་ནོར་སྲིད་སྐྱེད་གསབ་སོགས་ཀྱི་སྲིད་ཇུས་ཡག་པོ་བཀོལ་ནས་བཟོ་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས། སྤྱི་ཚོགས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་སྒྲིག་ཆས་མགྱོགས་མྱུར་སྒོས་གསར་བརྗེས་སྒྱུར་བཀོད་བྱས་ནས་དོན་དངོས་ཀྱི་དགོས་མཁོ་སྐོང་ཅི་ཐུབ་བྱ་དགོས། དེ་དང་ཆབས་ཅིག་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སང་ལོའི་ཆེད་དོན་དངུལ་བུན་གྱི་བཅད་གྲངས་སྔ་སྣུར་སྒོས་གཤམ་སྤྲོད་བྱ་དགོས། གྲོང་ཁྱེར་གྱི་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་ཡོ་བྱད་བཀོལ་རྒྱུ་དང་འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་དམིགས་ནས་དུས་ལྟར་སྡོད་ཁང་སྤྲོད་ཐུབ་པའི་སྲིད་ཇུས་དངོས་འབེབ་བྱེད་དགོས། ཟོག་འདྲེན་ཤར་བགྲོད་ལ་འགན་ལེན་ཡག་པོ་བྱེད་དགོས། རྡོ་སོལ་དང་གློག་ཤུགས་སོགས་ནུས་ཁུངས་བརྟན་བརླིང་ངང་མཁོ་སྤྲོད་བྱེད་ཐུབ་པར་འགན་སྲུང་བྱ་དགོས། ལྟ་སྐུལ་ཁྲིད་སྟོན་དང་ཞབས་ཞུའི་ལས་དོན་ཚོགས་ཆུང་ཁག་གིས་འབྲེལ་ཡོད་ཞིང་ཆེན་དང“དྲ་ཐོག”གི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་དུས་ཐོག་ཏུ་དཀའ་ངལ་སེལ་བར་ཁྲིད་སྟོན་དང་མཐུན་སྦྱོར་ཐག་གཅོད་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་དེ་སྔོན་གཏན་འཁེལ་བྱས་པའི་བྱེད་ཐབས་གལ་ཆེན་རིགས་ལ་འཐུས་ཚང་དུ་གཏོང་རྒྱུ་དང་ཞིབ་ཕྲའི་སྒྲིག་སྲོལ་འཛུགས་རྒྱུ་ལས་གཞན། རྣམ་གྲངས་བར་སྦྲེལ་མཐུད་ཡག་པོ་བྱེད་དགོས། ས་གནས་ཁག་གིས་དོན་དངོས་དང་ཟུང་དུ་འབྲེལ་ནས་སྲིད་ཇུས་དོན་འཁྱོལ་ཡོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་ཀྱི་ལས་གཞིའི་སྤུས་ཚད་ལ་ཁག་ཐེག་བྱེད་པ་དང་། དཔལ་འབྱོར་དར་ཆེ་བའི་ཞིང་ཆེན་ཁག་གིས་དཔལ་འབྱོར་བརྟན་བརླིང་ཡོང་བར་ནུས་ཤུགས་གང་ལེགས་འདོན་དགོས་ཞེས་བསྟན།

ལི་ཁེ་ཆང་གིས་མིག་སྔར་དཀའ་ངལ་ལ་འཕྲད་ཡོད་པའི་མང་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་པས་དམངས་འཚོ་ལ་འགན་ལེན་དང་མཐའ་སྐྱོང་བྱེད་པ་དང་། དུས་ཚིགས་བཞི་པའི་ནང་དུས་མཚམས་རང་བཞིན་གྱི་མ་མཐའི་འཚོ་བ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་དམའ་སྲུང་ཁྱིམ་ཚང་རྣམས་དམའ་སྲུང་ཁ་གསབ་ནང་ཚུད་པར་བྱ་རྒྱུ་དང་། ས་གནས་ཁག་གིས་བརྟན་པོ་དང་དྲང་བཞག་ཡོང་བ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་ཁ་གསབ་མ་དངུལ70%ཇེ་མང་དུ་གཏོང་རྒྱུ། ལས་ཤོར་འགན་སྲུང་གི་ཁྱབ་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་དང། ཕ་ཡུལ་དུ་ལོག་པའི་ཞིང་བ་ལས་མི་ལའང་ཁ་གསབ་རོགས་དངུལ་དང་རོགས་སྐྱོབ་ཐོབ་པར་བྱེད་པ། ལས་ཤོར་ཐོ་འགོད་བྱས་ནས་ལོ་ཕྱེད་ཡན་སོང་བའི་མི་སྣར་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་བསྡུ་ལེན་གྱི་ཁ་གསབ་ཁྱབ་ཁོངས་ནང་འཇུག་རྒྱུ། ཉེན་མེད་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧོ། ཝང་ཡུང་། ཤའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།