ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ཤོག་སྒོར་གྱིས་འཛམ་གླིང་གི་གཏོང་སྤྲོད་དངུལ་ལོ་ཨང4པ་ཟིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉིན་འགའི་སྔོན་ཁྱབ་བསྒྲགས་བྱས་པའི《2022ལོའི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བའི་སྙན་ཞུའི》ནང་། མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱིའི་གཏོང་སྤྲོད་ཁྱབ་ཚད2021ལོའི་ཟླ12པར2.7%བར་མཐོ་རུ་ཕྱིན་ཏེ་འཇར་པན་གྱི་སྒོར་མོ་ལས་བརྒལ་ནས། གོ་ལ་ཧྲིལ་པོའི་གཏོང་སྤྲོད་དངུལ་ལོ་ཨང་བཞི་པར་གྱུར་པ་དང་། 2022ལོའི་ཟླ1པོར3.2%བར་མཐོ་རུ་ཕྱིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

《སྙན་ཞུ》ནང་། དུས་མཚམས་རྗེས་མར། མི་དམངས་དངུལ་ཁང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ནས་ཁྲོམ་རའི་སྐུལ་འདེད་དང་ཁེ་ལས་རང་བརྟེན་གདམ་ག་རྨང་གཞིར་བྱས་ཏེ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་བརྟན་འཇགས་དང་གཟབ་ནན་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཀོད་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།