ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་བ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་སྟེ། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་འགན་ལེན་དངུལ་ཁག་ཅིག་གི་དུས་རིམ་རང་བཞིན་གྱི་གྲོན་འཇལ་འགྱངས་སྤྲོད་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཁྲོམ་རའི་གཙོ་གཞིའི་ཁུར་པོ་ཇེ་ཡང་དུ་གཏོང་བར་རོགས་རམ་བྱ་རྒྱུ་གཏན་འབེབས་བྱས་པ་དང་། སྲིད་དོན་ཞབས་ཞུའི“ཞིང་ཆེན་བརྒལ་བའི་ལས་སྒྲུབ”ཀྱི་ཁྱབ་རྒྱ་དང་ཕན་ནུས་ཆེ་རུ་གཏོང་བའི་བྱེད་ཐབས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ནས་ཁྲོམ་རའི་གསོན་ཤུགས་འཕེལ་ཞིང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན། སྟོན་འབྲུ་བསྡུ་རྒྱུ་དམ་འཛིན་དང་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཀོད་སྒྲིག་བྱས་ནས་སྟོན་བསྡུ་མཛོད་འཇུག་གི་ཞིང་ལས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བར་ཁག་ཐེག་བྱས། སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་ཚོང་ལས་ཅན་གྱི་གཉེར་སྐྱོང་གི་རྒན་གསོའི་དངུལ་ལ་ཁྲལ་བསྡུའི་གཟིགས་སྐྱོང་བྱ་རྒྱུ་གཏན་འཁེལ་བྱས་ནས་སྣ་མང་ཅན་གྱི་དགོས་མཁོ་བསྐངས། 《སྒེར་གཉེར་བཟོ་ཚོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་དེ། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་འགན་ལེན་དངུལ་ཁག་ཅིག་གི་དུས་རིམ་རང་བཞིན་གྱི་གྲོན་འཇལ་འགྱངས་སྤྲོད་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཁྲོམ་རའི་གཙོ་གཞིའི་ཁུར་པོ་ཇེ་ཡང་དུ་གཏོང་བར་རོགས་རམ་བྱ་རྒྱུ་གཏན་འབེབས་བྱས་པ་དང་། སྲིད་དོན་ཞབས་ཞུའི“ཞིང་ཆེན་བརྒལ་བའི་ལས་སྒྲུབ”ཀྱི་ཁྱབ་རྒྱ་དང་ཕན་ནུས་ཆེ་རུ་གཏོང་བའི་བྱེད་ཐབས་ལ་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་ནས་ཁྲོམ་རའི་གསོན་ཤུགས་འཕེལ་ཞིང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན། སྟོན་འབྲུ་བསྡུ་རྒྱུ་དམ་འཛིན་དང་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་བཀོད་སྒྲིག་བྱས་ནས་སྟོན་བསྡུ་མཛོད་འཇུག་གི་ཞིང་ལས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བར་ཁག་ཐེག་བྱས། སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་ཚོང་ལས་ཅན་གྱི་གཉེར་སྐྱོང་གི་རྒན་གསོའི་དངུལ་ལ་ཁྲལ་བསྡུའི་གཟིགས་སྐྱོང་བྱ་རྒྱུ་གཏན་འཁེལ་བྱས་ནས་སྣ་མང་ཅན་གྱི་དགོས་མཁོ་བསྐངས། 《སྒེར་གཉེར་བཟོ་ཚོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་། 

ཚོགས་འདུས་བསྟན་དོན། འཕར་སྣོན་བརྟན་བརླིང་དང་ལས་ཞུགས་བརྟན་བརླིང་། དམངས་འཚོར་འགན་སྲུང་བཅས་ཡོང་དགོས་ཚེ་ཁྲོམ་རའི་གཙོ་གཞིར་འགན་ལེན་བྱ་རྒྱུ་ནི་འགག་རྩ་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ་ཁྲོམ་རའི་གཙོ་གཞི་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་། བཟོ་སྐྲུན་ལས་རིགས་བཅས་ལ་དཀའ་ངལ་ཆེ་བའི་དོན་དངོས་ལ་དམིགས་ནས་དཀའ་ངལ་སེལ་བའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་བརྟན་བརླིང་ངང་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། དུས་ཚིགས་བཞི་པར་སླར་ཡང་རིན་བསྡུའི་གྲོན་དངུལ་ཁག་གཅིག་འགྱངས་སྤྲོད་བྱ་རྒྱུ་ལག་བསྟར་བྱ་དགོས། གཅིག་ནི་རྨོ་ཞིང་གསར་སྦོལ་གྲོན་དངུལ་དང་བཙོག་ཆུ། འཚོ་བའི་གད་སྙིགས་གཙང་སེལ་གྲོན་དངུལ་སོགས་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་ཁག14འགྱངས་སྤྲོད་བྱས་པར་གཞི་ཁྱོན་སྒོར་དུང་ཕྱུར530ལྷག་ཟིན་པ་དང་། དུས་འགྱངས་ཆད་དངུལ་མི་བསྡུ། ས་གནས་སོ་སོས་ས་གནས་ཀྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་རིན་བསྡུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རིན་དངུལ་གང་བྱུང་དུ་བསྡུ་རྒྱུ་གཏན་འགོག་བྱ་དགོས། གཉིས་ནི་ལས་གཞིའི་རྣམ་གྲངས་སྣ་ཚོགས་ཀྱི་སྤུས་ཚད་འགན་ལེན་མ་དངུལ་སྤྲོད་རྒྱུ་ནར་འགྱངས་བྱས་པར་གཞི་ཁྱོན་སྒོར་དུང་ཕྱུར630ཙམ་ཟིན། གསུམ་ནི་འགན་འཁྲི་དོན་འཁྱོལ་བྱས་ཏེ་གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ་བྱས་ནས་ཁྲོམ་རའི་གཙོ་གཞིར་ཕན་ཐོགས་པར་ཁག་ཐེག་བྱེད་དགོས། 

ཚོགས་འདུས་བསྟན་དོན། སྲིད་དོན་ཞབས་ཞུ“ཞིང་ཆེན་བརྒལ་ནས་ལས་སྒྲུབ”བྱེད་པ་ནི“གློད་དམ་ཞབས་གསུམ”བཅོས་སྒྱུར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ལས་སྒྲུབ་མ་གནས་ཇེ་དམའ་རུ་འགྲོ་རྒྱུ་དང་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བ། མང་ཚོགས་ས་ཆ་གཞན་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བར་སྟབས་བདེ་བསྐྲུན་པ་བཅས་ལ་ཕན་ཐོགས་ཡོད། ཚོགས་འདུས་གཏན་འབེབས་བྱས་དོན། གཅིག་ནི་སྲིད་དོན་ཞབས་ཞུ“ཞིང་ཆེན་བརྒལ་ནས་ལས་སྒྲུབ”རྣམ་གྲངས187མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག ཁེ་ལས་དང་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་ཁྱབ་རྒྱ་ཆེ་བ་དང་ལས་དོན་སྒྲུབ་མང་བའི་དོན་ཚན22ཇེ་མང་དུ་བཏང་བ་དང་། ཁེ་ལས་ལ་གློག་རྡུལ་ཁྲལ་འཇལ་དང་། དཔྱ་ཁྲལ་འཇལ་རྗེས་བདེན་དཔང་འབྲི་བ། སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་རེ་ཞུ་སོགས“ཞིང་ཆེན་བརྒལ་ནས་ལས་སྒྲུབ”མངོན་འགྱུར་བྱེད་དགོས་ལ། མི་སྒེར་ལ་གནས་སྐབས་ཐོབ་ཐང་ལག་ཁྱེར་བཟོ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཐོ་འགོད་དང་ཐོབ་ཐང་རེ་ཞུ། སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་རིགས་ཀྱི་འགྲོ་གྲོན་བསྡོམས་རྩིས་སོགས“ཞིང་ཆེན་བརྒལ་ནས་ལས་སྒྲུབ”མངོན་འགྱུར་བྱེད་དགོས། གཉིས་ནི་སྲིད་གཞུང་སྡེ་ཁག་གི་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་ནས་ལས་སྒོའི་ཚད་གཞི་གཅིག་གྱུར་བཟོ་བ་དང་། “ཞིང་ཆེན་བརྒལ་ནས་ལས་སྒྲུབ”དོན་ཚན་དེ་བས་མང་བ་དྲ་ཐོག་ཏུ་སྒྲུབ་པ་དང་ཐེངས་གཅིག་ལ་སྒྲུབ་པར་སྐུལ་འདེད་གཏང་དགོས་ལ། རྒན་རྒོན་སོགས་ཀྱིས་ཡུལ་དངོས་སུ་ལས་དོན་སྒྲུབ་པའི་དགོས་མཁོ་སྐོང་ཆེད་ཚབ་གཉེར་སོགས་ཀྱི་ཞབས་ཞུ་ཁྱབ་གདལ་གཏོང་དགོས། གསུམ་ནི་མི་སྒེར་གྱི་གསང་བ་དང་ཁེ་ལས་ཀྱི་ཚོང་ལས་གསང་བར་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། 

ཚོགས་འདུས་བསྟན་དོན། ཟས་ནི་མི་ཡི་འཚོ་རྟེན་ཡིན། སྟོན་འབྲུའི་གནས་ཚུལ་ལ་བལྟས་ན། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་མངོན་འགྱུར་བྱ་རྒྱུ་རེད། ཞིང་བསྡུའི་དུས་ཚོད་ལ་འཐུས་ཤོར་མི་འགྲོ་བར་སྟོན་འབྲུ་མྱུར་བསྡུ་བྱས་ནས། ལོ་ལེགས་མཛོད་དུ་བཅུག་སྟེ་སྟོན་དགུན་གྱི་འདེབས་ཁྱོན་དོན་འཁྱོལ་ཡོང་བའི་ཁག་ཐེག་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྣམ་གྲངས་གསར་པ་ཁག་ཅིག་ལས་མགོ་བཙུགས་ནས་ལོ་འདིའི་ནང་མ་དངུལ་སྒོར་དུང་ཕྱུར3000ཡན་གཏོང་རྒྱུ་ལེགས་འགྲུབ་བྱ་དགོས།   

ཚོགས་འདུས་བསྟན་དོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཚོང་ལས་ཅན་གྱི་གཉེར་སྐྱོང་གི་སྒེར་གྱི་རྒན་གསོའི་དངུལ་གོང་སྤེལ་གཏོང་བ་ནི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཁ་གསབ་ཅིག་ཡིན་པས། མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ནས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བར་ཕན་ཐོགས་ཡོད། ཚོགས་འདུས་གཏན་འབེབས་བྱས་དོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཚོང་ལས་ཅན་གྱི་གཉེར་སྐྱོང་གི་མི་སྒེར་གྱི་རྒན་གསོའི་དངུལ་ལ་མི་སྒེར་གྱི་ཐོབ་ཁྲལ་གཟིགས་སྐྱོང་ལག་བསྟར་བྱ་རྒྱུ་དང་། དངུལ་སྤྲོད་མཁན་ལ་ལོ་རེའི་སྒོར12000ཡི་བཅད་གྲངས་ལྟར་དཔྱ་ཁྲལ་མ་འཇལ་གོང་ནས་འཐེན་འཕྲི་བྱ་རྒྱུ། མ་འཇོག་ཁེ་བཟང་ལ་གནས་སྐབས་དཔྱ་ཁྲལ་མི་བསྡུ་བ། ཡོང་འབབ་ཀྱི་དཔྱ་ཁྲལ་དངོས7.5%ནས3%བར་གཅོག་རྒྱུ་གཏན་འབེབས་བྱས། སྲིད་ཇུས་ལག་བསྟར་དེ་ད་ལོའི་ཟླ1པོའི་ཚེས1ཉིན་དེ་ཕྱི་འདེད་བྱ་རྒྱུ་ཡིན།

ཚོགས་འདུས་བསྟན་དོན། རང་རྒྱལ་དུ་ཁྲོམ་རའི་གཙོ་གཞི་དུང་ཕྱུར1.6ཡོད་པའི་ནང་སྒེར་གཉེར་བཟོ་ཚོང་དུང་ཕྱུར1.1ཡོད། སྒེར་གཉེར་བཟོ་ཚོང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་པ་འདོགས་པ། དགོས་མཁོ་རྒྱ་ཆེར་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ཕྲན་ཚེགས་ཤར་གཏོང་བྱེད་པ་སོགས་ཀྱི་ཐད་དམིགས་བསལ་གྱི་ནུས་པ་གལ་ཆེན་ལྡན་པས་ཁྲིམས་སྐྱོང་གི་འགན་ལེན་ལ་ཤུགས་སྣོན་དགོས། ཚོགས་འདུའི་ཐོག《སྒེར་གཉེར་བཟོ་ཚོང་དུད་ཚང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱུང་ནས། འདྲ་མཉམ་འཇུག་འཐུས་དང་དྲང་གཞག་གི་ཐོབ་ཐང་ལག་བསྟར་བྱས་ཏེ། ཁྲིམས་ལྟར་རྒྱུ་ནོར་གྱི་དབང་ཆ་དང་གཉེར་སྐྱོང་གི་རང་བདག་དབང་ཆར་སྲུང་སྐྱོང་བྱས་པ་དང་། ཐོ་འགོད་དང་ཁྲལ་གྲོན་དངུལ་རྩའི་རྒྱབ་སྐྱོར་སོགས་སྤྱོད་གོ་ཆོད་པའི་བྱེད་སྟངས་དེ་ཁྲིམས་སྲོལ་དུ་བསྒྱུར་དགོས། སྒེར་གཉེར་བཟོ་ཚོང་གིས་ཁྲིམས་ལྟར་ཡིད་རྟོན་གཉེར་སྐྱོང་བྱས་ཏེ་ལས་ཁུངས་དང་མི་སྒེར་སུ་ཞིག་གིས་ཀྱང་དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་རུང་ཞེས་ཁ་གསལ་བཏོན་ཡོད། 

ཚོགས་འདུའི་ཐོག་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།