ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་དགུ་པའི་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གོ་ལྔ་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་དྲུག་ཅུ་ཡོད་ལ། རང་ས་གནས་ཀྱི་ནད་པ་ཉིས་བརྒྱ་དང་སོ་ལྔ་ཡོད། ནད་རྟགས་མི་མངོན་པའི་ནད་པ་བདུན་བརྒྱ་དང་བཞི་ཡོད་ཅིང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་བརྒྱ་དང་བདུན་ཡོད་ལ། རང་ས་གནས་ཀྱི་ནད་པ་ལྔ་བརྒྱ་དང་གོ་བདུན་ཡོད། ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་སྟོང་གཉིས་དང་དགུ་བརྒྱ་རེ་གཉིས་ཡོད། ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་བར་དུ། ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་གསུམ་ས་ཡ་དྲུག་འབུམ་གཉིས་ཁྲི་གཉིས་སྟོང་བདུན་ལ་བརྒྱབ། །