ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་གྲངས་གཞིའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལམ་སྲོལ་མགྱོགས་མྱུར་ངང་འཛུགས་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡིས་ཉེ་ཆར་པེ་ཅིང་དུ་འཚོགས་པའི་གྲངས་གཞིའི་ཤེས་བྱའི་བདག་དབང་ལས་དོན་མཛུབ་ཁྲིད་ཆེད་མཁས་པའི་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རང་རྒྱལ་གྱིས་གྲངས་གཞིའི་བདག་དབང་སྒྲིག་སྲོལ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་གྲངས་གཞིའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལམ་སྲོལ་མགྱོགས་མྱུར་ངང་འཛུགས་རྒྱུ་རེད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡིས་འབྲེལ་ཡོད་སྲིད་ཇུས་བཟོ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་ཚོད་ལྟར་སྐུལ་འདེད་ཧུར་ཐག་གཏོང་བ། གྲངས་གཞིའི་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་གིས་ཞུགས་པ། ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ་བཅས་བྱས་ཏེ་གྲངས་གཞིའི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཀྲུང་གོའི་ཇུས་གཞི་ཆགས་པར་བྱས་ནས། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།

ཤེས་གསལ་ལྟར་ན། ཚོགས་ཆེན་ཐོག་རང་རྒྱལ་གྱི་གྲངས་གཞིའི་ཤེས་བྱའི་བདག་དབང་གི་ལས་དོན་མཛུབ་ཁྲིད་ཆེད་མཁས་པའི་ཚོགས་ཆུང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཆེད་མཁས་པའི་ཚོགས་ཆུང་གི་ཁོངས་མིའི་ནང་རིགས་པའི་གཞུང་ལུགས་དང་དངོས་སྒྲུབ་ལས་རིགས་ཀྱི་ཆེད་མཁས་པ19ཡོད་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཅང་ཞའོ་ཅོན་གྱིས་ཙུའུ་ཀྲང་གི་འགན་ཁུར་བ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མེ་ཧུང་དང་ཀྲུང་ནན་ནོར་དཔལ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝུའུ་ཧན་ཏུང་གཉིས་ཀྱིས་ཙུའུ་ཀྲང་གཞོན་པའི་འགན་ཁུར་ཡོད།

ཅང་ཞའོ་ཅོན་གྱིས་གྲངས་གཞིའི་བདག་དབང་གི་གནད་དོན་ནི་གྲངས་གཞིའི་དཔལ་འབྱོར་ཁྱབ་ཁོངས་ཀྱིས་ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་ཞིག་རེད། གྲངས་གཞིའི་ཤེས་བྱའི་བདག་དབང་ལས་དོན་མཛུབ་ཁྲིད་ཆེད་མཁས་པའི་ཚོགས་ཆུང་གིས་དཔལ་འབྱོར་དང་བཅའ་ཁྲིམས། ཐོན་ལས། ལག་རྩལ། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་ཁག་གི་ཆེད་མཁས་པ་བསྡུས་ནས་དུས་མགོའི་བརྟག་ཞིབ་ལས་དོན་གྱི་རྨང་གཞིའི་ཐོག་ཕྱོགས་སོ་སོའི་བསམ་འཆར་ལ་མཉན་པ་དང་། འབྲེལ་མཐུད་སྤེལ་རེས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། གསར་འབྱེད་འགག་སྒྲོལ་གྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་གྲངས་གཞིའི་ཤེས་བྱའི་བདག་དབང་བཅོས་སྐྱོང་ཐད་སྤྱི་པའི་ཐོན་རྫས་མཁོ་འདོན་ཧུར་ཐག་བྱ་རྒྱུ་ཡིན་པར་བསྟན།

རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡི་ཅུའུ་ཀྲང་ཧྲེན་ཁྲང་ཡུས་ཀྱིས་བསྟན་དོན། གྲངས་གཞིའི་ཤེས་བྱའི་བདག་དབང་ལམ་ལུགས་འཛུགས་རྒྱུ་དེ་ལམ་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་གལ་ཆེན་ཞིག་ཡིན་པས་ཐོབ་དཀའ་བའི་གོ་སྐབས་དང་འགྲན་སློང་མང་པོར་འཕྲད་དེ། གྲངས་གཞིའི་བདེ་འཇགས་དང་སྤྱི་དམངས་ཀྱི་ཁེ་ཕན། མི་སྒེར་གྱི་གསང་བར་བསམ་གཞིག་གང་ལེགས་བྱས་ནས། གྲངས་གཞིའི་དམིགས་བསལ་ཁྱད་ཆོས་དང་བདག་དབང་ལམ་ལུགས་ཀྱི་ཕྱི་རོལ་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། གྲངས་གཞི་ཐག་གཅོད་པའི་གསར་གཏོད་རང་བཞིན་གྱི་ངལ་རྩོལ་དང་འབྲེལ་ཡོད་ཀྱི་མ་འཇོག་ལ་བརྩི་འཇོག་གང་ལེགས་བྱེད་པ། གྲངས་གཞི་ཐོན་སྐྱེད་ལས་རིགས་ཀྱི་གྲངས་འཛིན་ཅན་ཕྱོགས་སྒྱུར་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།