ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ཀྱི་གནའ་སྡོང་གྲགས་ཅན་དང་རྩ་ཆེའི་ལྗོན་ཤིང་ལ་སྲུང་སྐྱོང་བྱེད་པའི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན། 2022ལོའི་རྒྱལ་ཡོངས་ཀྱི་གནའ་སྡོང་གྲགས་ཅན་དང་རྩ་ཆེའི་ལྗོན་ཤིང་ལ་སྲུང་སྐྱོབ་བྱེད་པའི་ཚན་རིག་ཁྱབ་གདལ་གྱི་གཟའ་འཁོར་དེ་རྒྱལ་ཁབ་ཀྱི་རྩི་ཤིང་ལྡུམ་རར་སྤེལ་མགོ་ཚུགས་ཤིང་། “ཀྲུང་གོ་གནའ་སྡོང་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པའི་པར་རིས་འགྲེམས་སྟོན”དུས་མཉམ་དུ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོས“གནའ་སྡོང་གྲགས་ཅན་དང་རྩ་ཆེའི་ལྗོན་ཤིང་ལ་སྲུང་སྐྱོང་བྱས་ཏེ་རི་སྔོ་ཆུ་དྭངས་ལ་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དམིགས་ཡུལ་ནི་གནའ་བོའི་ལྗོན་ཤིང་དང་རྩ་ཆེའི་ལྗོན་ཤིང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཐོག་གནའ་བོའི་ལྗོན་ཤིང་དང་རྩ་ཆེའི་ལྗོན་ཤིང་ལ་སྲུང་སྐྱོང་བྱེད་པའི་སྤྱི་དམངས་ཀྱི་འདུ་ཤེས་དང་སྤྲོ་སེམས་ཆེ་རུ་བཏང་སྟེ། གནའ་བོའི་ལྗོན་ཤིང་དང་རྩ་ཆེའི་ལྗོན་ཤིང་ལ་སྲུང་སྐྱོང་དང་དོ་དམ་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་གནའ་སྡོང་དང་རྩ་ཆེའི་ལྗོན་ཤིང་གི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་བྱས་ནས་བདག་སྐྱོང་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། དུས་ཐོག་ཏུ་མྱུར་སྐྱོབ་དང་སྟོབས་ཆེར་གཏོང་བ་དང་། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་པས། གནའ་སྡོང་དང་རྩ་ཆེའི་ལྗོན་ཤིང་སྲུང་སྐྱོང་དང་དོ་དམ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཡོངས་ཀྱི་གནའ་སྡོང་དང་རྩ་ཆེའི་ལྗོན་ཤིང་གི་ཐོན་ཁུངས་ཡོངས་བཤེར་ཐེངས་གཉིས་པའི་འབྲས་བུ་ལས་མངོན་པ་ལྟར་ན། མིག་སྔར་རང་རྒྱལ་གྱི་ཡོངས་ཁྱབ་ཞིབ་བཤེར་ཁྱབ་ཁོངས་ནང་གནའ་བོའི་ལྗོན་ཤིང་དང་རྩ་ཆེའི་ལྗོན་ཤིང་སྡོང་རྐང་ཁྲི508.19ཡོད་པའི་ནང་ཁ་ཐོར་དུ་སྐྱེས་པའི་སྡོང་རྐང་ཁྲི122.13དང་། ཚོམ་བུར་སྐྱེས་པའི་སྡོང་རྐང་ཁྲི386.06ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།