ཀྲུང་གོ་བོད་ཀྱི་དྲ་བ།

གཞོན་ནུ900ལ་རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན་གྱི་མཚན་སྙན་སྤྲད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས《སྐབས21པའི་རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན་ལ་མིང་བཏགས་པའི་སྐོར་གྱི་གཏན་འབེབས》པར་འགྲེམས་བྱས་ཏེ། ཝང་ཤིན་སོགས་བློ་མཐུན50ལ“རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན་དཔེ་དམག”གི་མཚན་སྙན་སྤྲད་པ་དང་། ཚུའེ་མེན་སོགས་བློ་མཐུན850ལ“རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་འཇོན་ཐང་ཅན”གྱི་མཚན་སྙན་སྤྲད་པ་རེད།

ཐེངས་འདིར་མིང་བཏགས་གཟེངས་བསྟོད་བྱས་པའི་རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན་དང་དཔེ་དམག900ནི། ལེགས་འདེམས་འདེམས་སྒྲུག་དང་འགག་སྒོ་ནན་པོ། གཅིག་སྡུད་ཞིབ་དཔྱད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བཅས་བྱས་པ་བརྒྱུད། ལས་རིགས་སོ་སོའི་ལས་རིགས་གཞོན་ནུའི་ཕུལ་བྱུང་འཐུས་མི་ཡིན་པ་རེད། ཁོང་ཚོས་རང་འཁྲིའི་ལས་གནས་དང་བྱ་བའི་ལག་ལེན་ཁྲོད་དཀའ་སྤྱད་འཚོལ་ཞིབ་དང་འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་ཆེན་པོ་ཕུལ་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་འབད་འཐབ་ལྷོད་མེད་དང་ཡུན་རིང་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་པར་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོར་ཚད་ཤིང་བཙུགས་པ་དང་མིག་དཔེ་བཏོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།