ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2022ལོའི་རྒྱལ་སྤྱི་ཞི་བདེ་ཉིན་མོར་དྲན་གསོ་ཞུ་བའི་བྱ་འགུལ་ལ་ཤིས་འཕྲིན་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས21ཉིན། 2022ལོའི་རྒྱལ་སྤྱི་ཞི་བདེ་ཉིན་མོར་དྲན་གསོ་ཞུ་བའི་བྱ་འགུལ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྗེས་དྲན་བྱ་འགུལ་ལ་ཤིས་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། རྒྱལ་སྤྱིའི་བདེ་འཇགས་གནས་བབ་རྙོག་འཛིང་ལྡན་ལ་འགྱུར་ལྡོག་ཆེ་བས་འཛམ་གླིང་འདི་ཉིད་གཡོ་འགུལ་ཆེ་ཞིང་འཕོ་འགྱུར་གསར་བའི་དུས་སུ་སླེབས་ཡོད། དེ་བས་ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་འདིར་ངེད་ཀྱིས་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་མགོ་བཏོན་ནས་རྒྱལ་ཁབ་སོ་སོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཅན་གྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པར་སྣེ་ཁྲིད་བྱ་རྒྱུ་དང་། རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག  མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྩ་དོན་ལ་བརྩི་སྲུང་། རྒྱལ་ཁབ་སོ་སོའི་ལུགས་མཐུན་བདེ་འཇགས་ལ་དོ་ཁུར་བྱེད་པར་མཐོང་ཆེན། གླེང་མོལ་དང་གྲོས་མོལ་བརྒྱུད་ནས་རྒྱལ་ཁབ་ཕན་ཚུན་བར་གྱི་འགལ་བ་དང་རྩོད་གཞི་ལ་ཐག་གཅོད་བྱེད་པ། ཞི་བདེ་སྲུང་སྐྱོང་གི་འགན་འཁྲི་མཉམ་འཁུར་བྱེད་པ། ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་མཉམ་བསྐྱོད་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་ལག་རྡང་མཉམ་སྦྲེལ་སྒོས་སྐུལ་འདེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ད་ལོའི་དྲན་གསོའི་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་གཞི་ལག་བསྟར་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས”ཞེས་པ་དེ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་དོན་དང་མཐུན་པའི་སྒོ་ནས་རྒྱལ་སྤྱི་ཞི་བདེ་ཡོང་བ་དང་བདེ་འཇགས་ཀྱི་སྙིང་སྟོབས་ལ་སྲུང་སྐྱོང་བྱེད་དགོས། ཐེངས་འདིིའི་དྲན་གསོ་བྱ་འགུལ་བརྒྱུད་ཕྱོགས་སོ་སོའི་ཤེས་རབ་དང་ནུས་ཤུགས་གཅིག་ཏུ་འདུས་ནས་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།