ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་མངོན་མེད་གཞན་འགྱུར་གྱི་གསོ་སྦྱོང་ལ་རྡུང་རྡེག་ཚ་ནན་བཏང་སྟེ་རིག་ཚན་མ་ཡིན་པའི་རིགས་ཀྱི་གསོ་སྦྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་བསྟན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན། སློབ་གསོ་པུའུ་ཡི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་སློབ་གསོ་པུའུ་ཡིས2022ལོའི་རྒྱལ་ཡོངས་ཀྱི“ཉུང་གཏོང་གཉིས”ཀྱི་ལས་དོན་གྱི་སྟོན་ཁའི་སློབ་དུས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས། སྟོན་དུས་སློབ་དུས་ཀྱི་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་གི་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་མངོན་མེད་གཞན་སྒྱུར་གྱི་གསོ་སྦྱོང་ལ་རྡུང་རྡེག་ནན་མོ་བཏང་ནས་རིག་ཚན་མ་ཡིན་པའི་རིགས་ཀྱི་གསོ་སྦྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་བསྟན།

ཚོགས་འདུའི་ཐོག་སློབ་གསོ་པུའུ་ཡིས“ཉུང་གཏོང་གཉིས”ཀྱི་ལས་དོན་མཐུན་སྦྱོར་ལམ་སྲོལ་གྱི་ཁོངས་མིའི་ལས་ཁུངས་དང་ས་གནས་ཁག་གི་ཏང་ཨུད་སྲིད་གཞུང་དང་མཉམ་དུ“ཉུང་གཏོང་གཉིས”ཀྱི་ལོ་གཅིག་གི་དམིགས་ཚད་ལ་དམ་པོར་དམིགས་ནས། ཁྲིམས་ལྟར་བཅོས་སྐྱོང་དང་ཕྱོགས་བསྡུས་ཇུས་འདོན། རྩ་ལག་མཉམ་བཅོས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཚོགས་འདུའི་ཐོག མིག་སྔར་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་དུས་བབ་སྔར་བཞིན་ཛ་དྲག་ཡིན་ཞིང་། ས་གནས་ཁག་གིས་སྡེ་ཚན་ལ་གཞོགས་འདེགས་བྱེད་པ་དང་། ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་བྱེད་པ། མངོན་མེད་གཞན་འགྱུར་གསོ་སྦྱོང་ཞིབ་བཤེར་ཐག་གཅོད། གྲོན་དངུལ་སྔོན་བསྡུའི་ལྟ་སྐུལ་དོ་དམ། རིག་ཚན་མ་ཡིན་པའི་རིགས་ཀྱི་གསོ་སྦྱོང་ཚད་ལྡན་དོ་དམ། ཉེན་ཁ་འགོག་སེལ་སོགས་ཀྱི་ཐད་ད་དུང་གནད་དོན་དང་མི་འདང་ས་ཁག་གཅིག་གནས་ཡོད་པས་བཅོས་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་ཐོག མངོན་མེད་གཞན་སྒྱུར་གྱི་གསོ་སྦྱོང་ལ་རྡུང་རྡེག་ནན་མོ་བཏང་ནས་ཉེན་ཟོན་ཟིལ་གནོན་ཆགས་པར་བྱས་ཏེ། སྒྲིག་འགལ་སྒྲིག་གཞི་དང་མི་སྒེར་སུ་ཡིན་ཡང་ཁྲིམས་ལྟར་ཐག་གཅོད་བྱེད་པ་དང་། རིག་ཚན་མ་ཡིན་པའི་རིགས་ཀྱི་གསོ་སྦྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དེ་སློབ་གྲྭའི་སློབ་གསོར་ཕན་པ་ལྡན་པའི་ཁ་གསབ་ཏུ་འགྱུར་བར་བྱེད་དགོས། གྲོན་དངུལ་སྔོན་བསྡུ་ལ་ལྟ་སྐུལ་དོ་དམ་ཏན་ཏིག་བྱས་ནས་སྒྲིག་གཞི་ཚང་མ་ལྟ་སྐུལ་དོ་དམ་དང་མ་དངུལ་གྲངས་ཚང་མ་ལྟ་སྡོམ་བྱེད་ཁོངས་སུ་འཇུག་དགོས། སློབ་ཕྱིའི་གསོ་སྦྱོང་ཁྲིམས་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་མོ་བཅས་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།