ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིང་ཕིང་གིས་ཏང་ནམ་ཡང་མི་དམངས་དང་མཉམ་དུ་ཡོད་ཅེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོའོ་ཉིང་ཞིང་ཆེན་ཧོང་ཀུའུ་ཁུལ་སན་ཐའེ་ཙི་སྲང་ལམ་མུའུ་ཏན་སྡེ་ཁུལ་དུ་ཕེབས་ཏེ། གཞི་རིམ་གྱི་ཏང་འཛུགས་དང་སྡེ་ཁུལ་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། གཞིས་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པ་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལ་ཐད་ཀར་དུ་འབྲེལ་བ་ཡོད་ཅིང་། དེ་ནི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་ལས་དོན་གལ་ཆེན་ཡིན། གཞིས་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པར་འཚོ་སྡོད་ཁོར་ཡུག་དང་འཚོ་བའི་སྒྲིག་ཆས་ཇེ་ལེགས་སུ་གཏོང་དགོས་པ་མ་ཟད། སྡེ་ཁུལ་གྱི་ཞབས་ཞུ་ལ་ཤུགས་སྣོན་དང་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་དགོས། རང་རྒྱལ་བགྲེས་སོང་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་ཡོད་དེ། རྒན་རྒོན་རྣམས་ཀྱི་ཚེ་ཚད་ཇེ་རིང་ནས་ཇེ་རིང་ཡིན་པས། རྒན་རྒོན་རྣམས་ལ་ཞབས་ཞུ་སྒྲུབ་པར་རྗེས་ཆོད་དགོས། བགྲེས་སོང་བྱ་གཞག་དང་བགྲེས་སོང་ཐོན་ལས་དམ་འཛིན་བྱས་ཏེ། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ད་ལྟ་བྱིས་པ་རྣམས་ནི་གཅེས་ནོར་ཡིན་པས། བྱིས་པ་རྣམས་ཀྱི་གསོ་སྐྱོང་དང་སྐྱེད་སྲིང་བྱ་བར་ཤུགས་སྣོན་དགོས། སློབ་གསོ“ཇེ་ཡང་དུ་གཏོང་བ་གཉིས”ཀྱི་ལས་དོན་སྤེལ་མགོ་བརྩམས་རྗེས། སྡེ་ཁུལ་གྱིས་སྤྱི་ཕན་རང་བཞིན་གྱི་སློབ་ཕྱིའི་ལག་ལེན་བྱ་འགུལ་མང་པོ་སྤེལ་དགོས་ཤིང་། བྱིས་པ་རྣམས་ཀྱིས་ཐོག་མར་ལུས་ཕུང་སྦྱོར་བརྡར་ཡག་པོ་བྱས་ཏེ། ལུས་སེམས་བདེ་ཐང་ལ་ཁག་ཐེག་བྱེད་དགོས། མང་ཚོགས་རྣམས་ལ་ང་ཚོ་ཏང་ནི་བློ་གཅིག་རྩེ་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་པ་ཡིན་པར་མྱོང་ཚོར་བྱེད་དུ་བཅུག་ནས། ཏང་ནམ་ཡང་མི་དམངས་དང་མཉམ་དུ་ཡོད།  །

1.jpg

2.jpg

3.jpg

4.jpg

5.jpg

6.jpg

7.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།