ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར4.08ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར4.08ཟིན་པའི་ནང་རླངས་འཁོར་དུང་ཕྱུར3.12ཡོད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དུང་ཕྱུར4.94ཡོད་པའི་ནང་རླངས་འཁོར་གྱི་ཁ་ལོ་བ་དུང་ཕྱུར4.56ཡོད་པ་རེད། 2022ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཁྲི1657དང་གསར་དུ་ལག་ཁྱེར་ལོན་པའི་ཁ་ལོ་བ་ཁྲི1103ཟིན་ཡོད།

ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི1001ཡོད་པ་དེས་རླངས་འཁོར་བསྡོམས་འབོར་གྱི3.23%བཟུང་ཡོད། དེའི་ནང་གློག་སྒུལ་རྐྱང་བའི་རླངས་འཁོར་ཁྲི810.4ཟིན་པ་དེས་ནུས་རྒྱུ་གསར་པའི་རླངས་འཁོར་བསྡོམས་འབོར་གྱི80.93%ཟིན་ཡོད། ལོ་སྟོད་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི220.9གསར་དུ་ཐོ་འགོད་བྱས་པ་དེ་ན་ནིང་གི་ལོ་སྟོད་དུ་ཐོ་འགོད་བྱེད་ཚད་དང་བསྡུར་ན་100.26%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར81རུ་གྲོང་ཁྱེར་རེར་རླངས་འཁོར་ཁྲི100ལས་བརྒལ་བ་དང་། དེ་དུས་མཉམ་ལས་གྲོང་ཁྱེར7མང་དུ་ཕྱིན་ཡོད། གྲོང་ཁྱེར37དུ་གྲོང་ཁྱེར་རེར་རླངས་འཁོར་ཁྲི200ལས་བརྒལ་ཞིང་། གྲོང་ཁྱེར20རུ་གྲོང་ཁྱེར་རེར་རླངས་འཁོར་ཁྲི300ལས་བརྒལ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།