ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་འཚོགས་པ་དང་ཧོང་ཁུན་མིང་གིས་བརྙན་ལམ་ནས་ཤིས་ཚིག་གསུངས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས9ཉིན། 2022ལོའི“རྒྱུད་གཅིག་ལམ་གཅིག”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཧྲའན་ཤིས་ཞི་ཨན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་བརྙན་ལམ་གྱི་རྣམ་པས་གླེང་སྟེགས་ལ་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ་རེད།

ཧོང་ཁུན་མིང་གིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་འཕེལ་ཕྱོགས་དང་དུས་རབས་ཀྱི་འཕེལ་རྒྱས་བླང་བྱ་དང་བསྟུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་གྲོས་མགོ་གལ་ཆེན་ཞིག་རེད། གྲོས་མགོ་བཏོན་ཚུན། རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་པའི་སྦྲེལ་མཐུད”ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་སྒྲིག་སྲོལ་ཚད་གཞི“མཉེན་པའི་སྦྲེལ་མཐུད”ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱལ་ཁབ་མི་དམངས་ཀྱི“སེམས་པ་སྦྲེལ་མཐུད”མཉམ་སྐྲུན་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”རྒྱུན་ཆད་མེད་པར་གཏིང་ཟབ་དང་དངོས་བརྩོན་ལ་གཞོལ་བ་ནི་ཆེས་དགའ་བསུ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་སུ་གྱུར་ཡོད།

ཧོང་ཁུན་མིང་གིས། སྨྱན་སྦྱོར་གྱིས་ཆ་འཕྲིན་བརྒྱུད་སྤེལ་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་སོགས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གིས་ཧུར་ཐག་ཞུགས་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཁ་འབྲལ་ཐབས་མེད་ལ། ཕན་ཚུན་དབར་གྱི་ཟོལ་མེད་འབྲེལ་གཏུག་དང་དངོས་སྒྲུབ་མཉམ་ལས་དང་ཡང་ཁ་འབྲལ་ཐབས་མེད། འབྱུང་འགྱུར་ལ་ཕྱོགས་ནས་རྒྱ་ཆེའི་སྨྱན་སྦྱོར་གྲོགས་པོ་ཚོས་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། འདྲ་མཉམ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། བསྟུན་མཁས་བཅས་ཀྱི་ཤེས་དཔལ་ལྟ་བ་བརྒྱུད་སྤེལ་ཧུར་ཐག་བྱེད་པ། ཞི་བདེའི་ལམ་བུ་དང་དར་རྒྱས་ཀྱི་ལམ་བུ། སྒོ་དབྱེའི་ལམ་བུ། ལྗང་མདོག་གི་ལམ་བུ། གསར་གཏོད་ཀྱི་ལམ་བུ། ཤེས་དཔལ་གྱི་ལམ་བུ་བཅས་ཀྱི་སྟེང་ཐུན་མོང་ཐོག་མདུན་སྐྱོད་བྱེད་པའི་གཏམ་རྒྱུད་ཡག་པོ་བཤད་པ། མཉམ་ལས་ཀྱི་དྲང་ནུས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་ཆེད་སྨྱན་སྦྱོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཞེས་ནན་གྱིས་བསྟན།

ཐེངས་འདིའི་གླེང་སྟེགས་དེ“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དམིགས་པ་དང་། ཕན་ཚུན་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་ཏེ། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་ཧྲའན་ཤིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་གཉེར་བ་ཞིག་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས40ལྷག་ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་འཐུས་མི120ལྷག་གིས་དྲ་ཐོག་དང་དྲ་ཕྱིའི་བྱ་ཐབས་ཐོག་ནས་གླེང་སྟེགས་ནང་ཞུགས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།