ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུའུ་ཡིས་རང་བྱུང་བྱེ་རྡོ་ཐའེ་ཝན་ས་ཁུལ་དུ་ཕྱིར་གཏོང་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ8པའི་ཚེས3ཉིན་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས། གནས་སྐབས་སུ་རང་བྱུང་བྱེ་མ་ཐའེ་ཝན་ལ་ཕྱིར་གཏོང་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་དང་། འབྲེལ་ཡོད་བྱེད་ཐབས་དེ2022ལོའི་ཟླ8པའི་ཚེས3ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཟེར། 

ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་གསར་འགོད་པར་ཐའེ་ཝན་ས་ཁུལ་དུ་ཕྱིར་གཏོང་བྱེད་པའི་རང་བྱུང་བྱེ་རྡོའི་སྲིད་ཇུས་ལ་ལེགས་སྒྲིག་བྱ་མིན་སྐོར་གྱི་དྲི་བར་ལན་འདེབས་སྐབས་གོང་གསལ་གྱི་ལན་སྤྲད་པ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།