ཀྲུང་གོ་བོད་ཀྱི་དྲ་བ།

ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཝང་དབྱི་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད2022ལོའི་ཟླ8པའི་ཚེས3ཉིན་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཅིན་པེན་དུ་རང་རྒྱལ་གྱི་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་མཇལ་འཛོམས་གནང་བ་རེད།

ཧུང་སེན་གྱིས་ཝང་དབྱི་གདན་དྲངས་ཏེ་ཀྲུང་གོའི་མགོ་ཁྲིད་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་བརྒྱུད་བསྒྲགས་གནང་བ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་བདེ་བླག་ངང་འཚོག་པར་སྨོན་འདུན་ཞུས། ཁམ་ཕུ་ཁྲེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གང་རུང་ལ་ཁམ་ཕུ་ཁྲེས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར14དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་རྒྱུ་ཡིན་ཞེས་གསུངས།

ཧུང་སེན་གྱིས། ཁམ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་སུ་གཞི་ཚུགས་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མི་དམངས་ལ་ཕན་བདེ་རྒྱ་ཆེན་པོ་བསྐྲུན་ཡོད། རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་སྔོན་འགོག་བྱས་ཤིང་། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་ཁམ་ཕུ་ཁྲེས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་དང་། དཔལ་འབྱོར་སླར་གསོ་ཇེ་མགྱོགས་སུ་གཏོང་བ། རྒྱུན་ལྡན་གྱི་སྤྱི་ཚོགས་འཚོ་བ་སླར་གསོ་བཅས་བྱེད་པར་རོགས་རམ་ནུས་ལྡན་བྱས་ཡོད། ཕྱོགས་གཉིས་ཀྱིས་གོང་མ་ཤིས་ཧ་ནུའོ་ཁེ་འཁྲུངས་ནས་ལོ་ངོ100འཁོར་བར་ཐུན་མོང་ཐོག་དྲན་གསོ་ཞུས་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་ཀྱི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ65འཁོར་བར་བསུ་བ་ཞུ་རྒྱུ་རེད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་སྟེ་དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་བཀོད། གཏེར་ཁ། ནུས་རྒྱུ། ཞིང་ལས། འགོག་སྲུང་ལས་དོན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་སྒུག་བྱེད་ཀྱི་ཡོད་ཞེས་བསྟན།

ཝང་དབྱིས་ཀྲུང་གོའི་མགོ་ཁྲིད་པའི་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས། ཁམ་ཕུ་ཁྲེས་རང་རྒྱལ་ཁབ་གནས་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པར་མི་དམངས་ཀྱིས་བརྩི་བཀུར་དང་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ནས། རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱས་ཤིང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ཀྱིས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་དང་རླུང་རླབས་ཆེན་པོའི་ཉམས་སད་ཐེག་མྱོང་བ་དང་། བྲག་རི་བཞིན་སྲ་ཞིང་མཁྲེགས་ལ། ཕན་ཚུན་གྱི་ལས་དབང་དམ་པོར་འབྲེལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནི་ནམ་ཡང་ཁམ་ཕུ་ཁྲེའི་འཕེལ་རྒྱས་དང་དར་རྒྱས་ཀྱི་འཕེལ་རིམ་ཁྲོད་བློས་འགེལ་ཆོག་པའི་རོགས་ཟླ་དང་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པས། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་སོ་སོའི་རང་བདག་དབང་ཆ་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་དང་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད། འཐབ་ཇུས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཀྲུང་ཁམ་གྲོགས་པོའི་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་ལང་ཚོའི་གསོན་ཤུགས་ནམ་ཡང་བརྟན་པོར་གནས་པར་བྱ་དགོས་པར་བསྟན།

ཝང་དབྱིས་བཤད་རྒྱུར། ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱུན་ཆད་མེད་པར་ཕན་འབྲས་བསྐྲུན་ཏེ་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་མངོན་པར་བྱས་ཡོད། ཕྱོགས་གཉིས་ཀྱིས་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་ཁ་ཕྱོགས་དམ་འཛིན་ནན་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་མང་མཉམ་ལས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དང་རིམ་སྤོར་བྱེད་དགོས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བ་དེ་ཀྲུང་གོ་དང་ས་ཁུལ་གཅིག་པའི་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་མུ་མཐུད་དུ་བསྐྱོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་ཀྱི་དགོས་མཁོ་གཞིར་བཟུང་རིམས་འགོག་སྨན་ཁབ་ཀྱི་རོགས་སྐྱོར་འདང་ངེས་བྱས་ནས། ཁམ་ཕུ་ཁྲེའི་སྤུས་ལེགས་ཞིང་ལས་ཐོན་རྫས་དེ་བས་མང་པོ་ནང་འདྲེན་བྱ་རྒྱུ་ཡིན་ལ། ཀྲུང་གོར་འཕུར་བའི་ཁམ་ཕུ་ཁྲེའི་དུས་གཏན་གནམ་གྲུ་ཇེ་མང་དུ་གཏོང་བ་དང་། ཁམ་ཕུ་ཁྲེའི་ཕྱི་སྦྱོང་སློབ་མ་ཀྲུང་གོར་ཕྱིར་ལོག་བྱས་ནས་སློབ་ཁྲིད་སླར་གསོ་ཡོང་བར་སྟབས་བདེ་བསྐྲུན་རྒྱུ་ཡིན་ཟེར།

ཝང་དབྱིས་ཐའེ་ཝན་གྱི་གནད་དོན་ཐད་ཨ་རི་ཕྱོགས་ཀྱིས་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་དེ་སྟེས་དབང་ཞིག་མིན་པར་དེ་ནི་ཇུས་འགོད་ཞིབ་ཚགས་བྱས་པའི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་རེད། དེའི་ཁ་དན་ཚིག་ལ་མི་གནས་པའི་སྐྱུག་བྲོ་བའི་གདོང་རིས་དེ་འཇིག་རྟེན་སྐྱེ་བོ་ཀུན་གྱི་མིག་མདུན་དུ་དམར་རྗེན་དུ་མངོན་ཡོད། ཨ་རི་ཕྱོགས་ཀྱིས“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་བཀག་འགོག་བྱེད་པའི”ལྐོག་གཡོ་དེ་འགྲུབ་མི་ཐུབ་པ་མ་ཟད། ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་ངེས་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་སྤུ་ཙམ་ཡང་གཏོང་མི་ཐུབ་པས། ཀྲུང་གོའི་མི་དམངས་དུང་ཕྱུར14ཡིས་སྔར་བས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་པར་སྐུལ་མ་ཐེབས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཐུབ། ཐའེ་ཝན་གྱི་གནད་དོན་དེ་སྔོན་ཆད་རྒྱལ་ཁབ་གཉོམ་ཆུང་ཡིན་པ་ལས་བྱུང་བས། མི་རིགས་བསྐྱར་དར་བྱུང་བ་དང་བསྟུན་ནས་མཇུག་བསྒྲིལ་ངེས་ཡིན་པ་དང་། “ཐའེ་ཝན་རང་བཙན་”གྱི་སྟོབས་ཤུགས་ལ་ལོ་རྒྱུས་ཀྱི་འདྲི་གཅོད་ཐོབ་ངེས་ཡིན་པར་ནན་གྱིས་བསྟན།

ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་ཤར་རྒྱུད་མནའ་འབྲེལ་ལྟེ་བར་བྱེད་པའི་ས་ཁོངས་མཉམ་ལས་ཀྱི་སྒྲོམ་གཞི་མཐའ་འཁྱོངས་བྱེད་པ་དང་། ས་ཁུལ་དུ་སྒར་སའི་འགོག་རྒོལ་འདྲེན་པ་དང་། རྒྱལ་ཁབ་ཁག་གིས་རུ་ཁག་འདེམས་པར་བཙན་སྐུལ་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བསྟན།

ཕྱོགས་གཉིས་ཀྱིས་ད་དུང་འབར་མའི་གནད་དོན་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱི་ཐད་ནས་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།