ཀྲུང་གོ་བོད་ཀྱི་དྲ་བ།

ཟླ8པའི་ཚེས2ཉིན་གྱི་ཆུ་ཚོད24བར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས2ཉིན་གྱི་ཆུ་ཚོད0ནས24བར་དུ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ101མང་དུ་ཕྱིན་ཡོད། དེའི་ནང་ནས་ཕྱི་རྒྱལ་ནས་མཆེད་པའི་ནད་དཔེ63(ཀོང་ཏུང་དུ་ནད་པ19དང་། ཧྥུ་ཅན་དུ10། པེ་ཅིང་དུ6། ཧྲང་ཧའེ་དུ6། ཅི་ལིན་དུ4། ཧེ་ལུང་ཅང་དུ4། སི་ཁྲོན་ཏུ4། ཡུན་ནན་དུ4། ཐེན་ཅིན་དུ2། ལེའོ་ཉིན་དུ1། ཀྲེ་ཅང་དུ1། ཧྲན་ཏུང་དུ1། ཁྲུང་ཆིན་དུ1)བཅས་ཡོད། ནད་རྟགས་མེད་པའི་ནད་པ13གྱི་ནད་རྟགས་གཏན་འཁེལ(ཧྥུ་ཅན་དུ5དང་ཅི་ལིན་དུ3། ཐེན་ཅིན་དུ2། པེ་ཅིང་དུ41། ཧྲན་ཏུང་དུ1། སི་ཁྲོན་དུ1)བྱུང་ཡོད། རང་སའི་ནད་པ38(ཧའེ་ནན་དུ12དང་ཀན་སུའུ་དུ10། ནང་སོག་དུ8། ཀོང་ཞི་རུ4། ཧྲན་ཏུང་དུ3། སི་ཁྲོན་དུ1)བཅས་ཡོད། ནད་རྟགས་མེད་པའི་ནད་པ12ཀྱི་ནད་རྟགས་གཏན་འཁེལ(ཀན་སུའུ་རུ10དང་ཀོང་ཞི་རུ2)བྱུང་ཡོད། ཤི་བའི་ནད་པ་མེད་ལ། ནད་རྟགས་འདྲ་བའི་གསར་བྱུང་ནད་པའང་མེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།