ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་མར་ཁེ་སི་རིང་ལུགས་སྲིད་ཏང་གླེང་སྟེགས་ལ་ཤིས་ཚིག་ཕུལ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་མར་ཁེ་སི་རིང་ལུགས་སྲིད་ཏང་གླེང་སྟེགས་ལ་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། མར་ཁེ་སི་རིང་ལུགས་ནི་མུ་མཐུད་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་གཞུང་ལུགས་ཤིག་ཡིན་པས་རང་ས་ཅན་དུ་བསྒྱུར་ཚེ་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་ཐུབ་ལ། དུས་རབས་ཅན་དུ་བསྒྱུར་ཚེ་ད་གཟོད་སྐྱེ་སྟོབས་ཀྱི་དཔལ་འབར་ངེས་རེད། རྒྱལ་ཁབ་སོ་སོའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཁག་གིས་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་དང་ཐུན་མོང་གི་འབད་བརྩོན་འོག དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ལ་རྒྱུན་མི་ཆད་པར་བསམ་ཕྱོགས་གསར་པ་དང་རྣམ་པ་གསར་པ་མངོན་བཞིན་ཡོད་པས་ཉིན་རེ་བཞིན་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་འཕེལ་བཞིན་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་གཉིས་ཟུང་དུ་འབྲེལ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དམ་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པས་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་པར་སྐུལ་འདེད་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་སྟེང་མདུན་ནས་མདུན་དུ་བསྐྱོད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱ་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་སྟབས་མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོ་རུ་ལངས་ཡོད། མུ་མཐུད་དུ་མར་ཁེ་སི་རིང་ལུགས་རང་ཡུལ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་བདེན་དོན་གྱི་འོད་ཟེར་གྱིས་མིའི་རིགས་ཀྱི་མདུན་ལམ་གསལ་བར་གཏོང་བ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཐུན་མོང་གི་འགན་འཁྲི་རེད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་མར་ཁེ་སི་རིང་ལུགས་སྲིད་ཏང་དང་མཉམ་དུ་སྤེལ་རེས་དང་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞི་འཛིན་པ། དུས་རབས་ཀྱི་འཕེལ་ཕྱོགས་དམ་འཛིན་བྱེད་པ། མར་ཁེ་སི་རིང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་བ། ལག་གདང་མཉམ་སྦྲེལ་སྒོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འཕེལ་རིམ་ཁྲོད་མར་ཁེ་སི་རིང་ལུགས་ལ་སྔར་ལས་སྟོབས་ཆེན་དང་བདེན་དོན་གྱི་སྟོབས་ཤུགས་མངོན་པར་སྐུལ་འདེད་གཏོང་དགོས། 

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་མར་ཁེ་སི་རིང་ལུགས་སྲིད་ཏང་གླེང་སྟེགས་ནི་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི—ཁ་ནེ་ཨར། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིའུ་ཅ་ནུའོ་ཕུའུ་བཅས་ཀྱིས་གླེང་སྟེགས་ལ་རྟེན་འབྲེལ་ཞུས་པ་མ་ཟད། རྒྱལ་ཁབ70ལྷག་གི་མར་ཁེ་སི་རིང་ལུགས་སྲིད་ཏང་དང་གཡོན་རུའི་སྲིད་ཏང་། ཆབ་སྲིད་རྩ་འཛུགས100ཡི་འཐུས་མི་ཁྱོན་བསྡོམས་མི300ལྷག་དྲ་ཐོག་ནས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།