ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ8པའི་ཚེས22ཉིན་ནས་ཚེས24ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོག་རྒྱུ་གཏན་འབེབས་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དོན་བཞི་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།

ཚོགས་ཆེན་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཚོགས་འདུའི་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་གྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཝང་དབྱང་གིས་ད་ལོ་ཚུན་དུ་རྒྱལ་ཡོངས་སྲིད་གྲོས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱར་ཚད་བསྡུར་དཔེ་བསྡུར་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ“ཕྱིར་མིག་བལྟ་བ”སོགས་ཀྱི་ལས་དོན་ཏན་ཏིག་གིས་བསྒྲུབས་ནས།《ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་ལས་དོན་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ། བརྟག་ཞིབ་གཏིང་ཟབ་དང་ཞིབ་བསྡུར་སྤེལ་རེས་བྱེད་པ་བརྒྱུད། སློབ་སྦྱོང་གི་ཕན་འབྲས་གཏིང་ཟབ་དུ་གཏོང་བ་དང་། ཉམས་མྱོང་སྤྱི་བསྡོམས་དང་ཆོས་ཉིད་ལ་དམ་འཛིན་གྱིས་སྔར་ལས་ལྷག་པར་འགན་སྒྲུབ་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས་ཤིང་། ལོ་སྨད་སྲིད་གྲོས་ཀྱི་བྱ་བའི་སྤུས་མཐོ་ཕན་འདེགས་དང་བརྟན་ཐོག་ཡར་འཕེལ་ལ་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་ཆེད་མངགས་གྲོས་མོལ་སྒྲིག་གཞིའི་འགན་ནུས་ངེས་གནས་ལ་གཞི་ཚུགས་ཏེ། གྲོས་མོལ་བྱེད་སྒོ་སྣ་ཚོགས་བརྒྱུད་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་དང་བརྒྱུད་བསྒྲགས་བཅས་བྱས་ནས། རྒྱ་ཆེའི་རིགས་ཁོངས་ཀྱི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སེམས་ནུས་གཅིག་སྒྲིལ་དང་ཡིད་ཆེས་སྲ་བརྟན་དུ་བཏང་སྟེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་ཆེད་རྣམ་པ་བཟང་པོ་ཞིག་གཏོད་དགོས་པར་ནན་གྱིས་བསྟན།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ8པའི་ཚེས22ནས་ཚེས24ཉིན་བར་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོགས་ཏེ། “ལས་ཞུགས་དམིགས་སུ་འཛིན་པའི་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱ་རྒྱུར”དམིགས་ནས་གྲོས་མོལ་སྲིད་གླེང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་ད་དུང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་པའི་རིག་གནས་དང་ལོ་རྒྱུས་ཡིག་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་དང་འབྲེལ་ཡོད་དོན་ཚན་གཞན་དག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་དོན་ཐད་ནས་གསལ་བཤད་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པའོ། ཝན་ཀང་། ལུའུ་ཀྲན་ཀུང་། མཱ་པེའོ། ཁྲེན་ཞའོ་ཀོང་། པ་ཐེར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཕེབས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།