ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཆུ་བེད་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར4.68བཏང་སྟེ་ས་གནས་ཀྱི་ཆུས་གཏོར་སྐྱོན་ཐེབས་པའི་ཉམས་གསོ་ལ་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆུ་བེད་པུའུ་ཡིས་ཚེས18ཉིན་གསར་འགྱུར་སྤེལ་ཏེ་བསྟན་དོན། ནོར་སྲིད་པུའུ་དང་ཆུ་བེད་པུའུ་ཡིས་ཉེ་ལམ་ཆུ་བེད་ཐད་ཀྱི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར4.68བཏང་སྟེ། ཀོང་ཏུང་སོགས་ཞིང་ལྗོངས་དང་གྲོང་ཁྱེར10ཡིས་ཆུས་གཏོར་སྐྱོན་ཐེབས་པའི་ལས་གཞིའི་སྒྲིག་ཆས་ཉམས་གསོ་ལ་རྒྱབ་སྐྱོར་བྱས་པ་དང་། ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལ་འགན་སྲུང་བྱས།

ད་ལོའི་འབྲུབ་ཆུ་རྒྱས་ཚུན་རང་རྒྱལ་དུ་དྲག་ཆར་བབས་པའི་བརྒྱུད་རིམ་མང་བ་དང་། ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་རང་བཞིན་གྱི་ཆུ་ལོག་ཆེ་ཙམ་བྱུང་བ། པེ་ཅང་གཙང་པོར་ཆུ་ལོག་ཚབས་ཆེན་བྱུང་བ། ཤིས་ཅང་གཙང་པོར་ཨང་སྒྲིག་ཆུ་ལོག་ཐེངས4བྱུང་བ། འབྲི་ཆུའི་འབབ་རྒྱུད་ཀྱི་ཤང་ཅང་གཙང་པོ་དང་ཀན་ཅང་གཙང་པོར་ཡང་སྔ་རྗེས་སུ་ཨང་རྟགས་ལྡན་པའི་ཆུ་ལོག་བྱུང་བ། སི་ཁྲོན་དུ་ས་ཡོམ་རིམ་པ6ཡན་ཐེངས་གཉིས་བྱུང་བ། ཆུ་ལོག་དང་ས་ཡོམ་གྱི་རྐྱེན་གྱིས་ཆུ་བེད་ལས་གཞིར་གཏོར་སྐྱོན་ཚབས་ཆེན་ཕོག་པས། འབྲུབ་འགོག་གི་དུས་བབ་ཛ་དྲག་ཡིན་པ་རེད།

ནོར་སྲིད་པུའུ་དང་ཆུ་བེད་པུའུ་ཡིས་ས་གནས་སོ་སོར་གནོད་འཚེ་ཕོག་པའི་གནས་ཚུལ་བཀོད་གཏོང་བྱས་ནས། གེགས་སེལ་མ་དངུལ་བགོ་བཤའ་རྒྱག་པའི་ཇུས་གཞིར་ཞིབ་འཇུག་བྱས་པ་དང་ཆུ་བེད་གེགས་སེལ་མ་དངུལ་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཆུ་བེད་ལས་གཞིའི་སྒྲིག་ཆས་ཉམས་གསོ་སོགས་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། ཆུ་ལོག་འགོག་པའི་ནུས་པ་དུས་ཐོག་ཏུ་སླར་གསོ་བྱས་ནས། ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགན་སྲུང་གང་ལེགས་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།