ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་པའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་པེ་ཅིང་དུ་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་དམངས་གཙོ་ཏང་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་བྱ་བར་རྟོག་ཞིབ་བྱས་པའི་གྲུས་འབྲས་ལ་གྲོས་མོལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་དབྱང་གིས་བསྟན་དོན། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཐབས་ཇུས་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཆེན་པོ་ཡོད། འབྲེལ་ཡོད་ཏང་ཁག་དང་ཚོགས་པ་སོ་སོས་ཞིབ་འཇུག་བྱ་གཞི་འདིར་དམིགས་བཙུགས་ཏེ། བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་ཇུས་འདོན་བྱས་པར་དོན་སྙིང་གལ་ཆེན་ལྡན། ཏང་ཁག་དང་ཚོགས་པ་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས།  ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་དང་ལག་བསྟར། དོན་འཁྱོལ་བཅས་བྱས་པའི་ཁྲོད་ཀྱི་གྲུབ་འབྲས་དང་གནད་དོན་ལ་ཁྱོན་ཡོངས་ནས་རྩོད་སྒྲུབ་ཀྱིས་ལྟ་སྟངས་འཛིན་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། བསྟུད་མར་ཐབས་འདོན་ཇུས་འདོན་བྱེད་པ། འབྲེལ་བ་ཡོད་པའི་ཁོངས་གཏོགས་མང་ཚོགས་ཀྱིས་ལྷད་མེད་ཐཱན་ཉུང་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལག་ལེན་དུ་འདེབས་པར་སྣེ་ཁྲིད་བྱེད་པ། ཏང་ཁག་དང་ཚོགས་པ་སོ་སོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་སྔར་ལས་གང་ལེགས་ཀྱིས་མཚོན་པར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཚོགས་འདུར་འགོ་འཛིན་བྱས། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་ནུས་ཁུངས་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་གྲོས་མོལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།