ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་འགན་བཞེས་མཛད་སྒོར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད་ཞང་ཀང་དུ་གཟིགས་ཞིབ་གནང་རྒྱུ་རེད། ཞི་ཅིན་ཕིང་ཞང་ཀང་དུ་འབྱོར་ཞིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ་སོགས་ཞང་ཀང་ཅིའུ་ལུང་མྱུར་བགྲོད་ལྕགས་ལམ་བབས་ཚུགས་སུ་ཕེབས་བསུ་ཞུས།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་བསྡད་ནས་ཞང་ཀང་དུ་འབྱོར་ཞིང་། ཟླ7པའི་ཚེས1ཉིན་བསྡུ་རྒྱུ་ཡིན་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད། ཞང་ཀང་དུ་གཟིགས་ཞིབ་གནང་རྒྱུ་རེད། 

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་བསྡད་ནས་ཞང་ཀང་དུ་འབྱོར་ཞིང་། ཟླ7པའི་ཚེས1ཉིན་བསྡུ་རྒྱུ་ཡིན་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད། ཞང་ཀང་དུ་གཟིགས་ཞིབ་གནང་རྒྱུ་རེད། པར་འདི་ནི་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕེབས་བསུ་གནང་མཁན་གྱི་མི་ཚོགས་ལ་ཕྱག་གཡུག་གནང་ནས་གུས་ལན་གནང་བཞིན་པའི་ཚུལ་རེད།

ཆུ་ཚོད15དང་སྐར་མ10ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་མེ་འཁོར་ཞང་ཀང་ཅིའུ་ལུང་མྱུར་བགྲོད་ལྕགས་ལམ་བབས་ཚུགས་ནུབ་མར་འབྱོར། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་འཁོར་སྒྲོམ་ནས་བུད་མ་ཐག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ་དང་ལྕམ་མོ་ལིན་ཀྲའོ་པོ་རྣམ་གཉིས་ཀྱིས་ཕེབས་བསུ་ཞུས་པ་རེད། དགའ་བསུ་ཞུ་བའི་མཛད་སྒོའི་སྟེང་ཞང་ཀང་ཉེན་རྟོག་རོལ་དབྱངས་ཚོགས་པས་སྤྲོ་སེམས་འཁོལ་བའི་རོལ་དབྱངས་དཀྲོལ་བ་དང་། སྙིང་སྟོབས་རབ་ཏུ་འཕེལ་བའི་སེང་རྩེད་འཁྲབ་པ། ཞང་ཀང་གི་གཞོན་ནུ་ལོ་ཆུང་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བརྒྱ་ཕྲག་གིས་རྒྱལ་དར་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁུལ་དར། མེ་ཏོག་བཅས་གཡུག་གཡུག་བྱས་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕེབས་བསུ་གནང་མཁན་གྱི་མི་ཚོགས་ལ་ཕྱག་གཡུག་གནང་ནས་གུས་ལན་གནང་།

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་བསྡད་ནས་ཞང་ཀང་དུ་འབྱོར་ཞིང་། ཟླ7པའི་ཚེས1ཉིན་བསྡུ་རྒྱུ་ཡིན་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད། ཞང་ཀང་དུ་གཟིགས་ཞིབ་གནང་རྒྱུ་རེད། པར་འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་འཁོར་སྒྲོམ་ནས་བུད་མ་ཐག་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡུའེ་ཨེ་དང་ལྕམ་མོ་ལིན་ཀྲའོ་པོ་རྣམ་གཉིས་ཀྱིས་ཕེབས་བསུ་གནང་བཞིན་པའི་ཚུལ་རེད།

ཞི་ཅིན་ཕིང་ད་ཐེངས་ཞང་ཀང་དུ་ཕེབས་པར་རྒྱལ་ཁབ་ཕྱི་ནང་གི་དོ་ཁུར་ཆེན་པོ་ཐོབ་པ་དང་ཀྲུང་ཕྱིའི་གསར་འགོད་པས་ཡུལ་དངོས་ནས་སྒུག་བསྡད་ཡོད། ཞི་ཅིན་ཕིང་བཅར་འདྲི་ཁུལ་དུ་ཕེབས་ཏེ་དེ་གར་ཡོད་པའི་གསར་འགོད་པར་འཚམས་འདྲི་གནང་། ཁོང་གིས་སང་ཉིན་ནི་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཉིན་མོ་ཡིན་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྤུན་ཟླ་ཞང་ཀང་བ་དང་ལྷན་དུ་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་དང་། ངེད་ཀྱིས་ཞང་ཀང་གི་སྤུན་ཟླ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས།

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་བསྡད་ནས་ཞང་ཀང་དུ་འབྱོར་ཞིང་། ཟླ7པའི་ཚེས1ཉིན་བསྡུ་རྒྱུ་ཡིན་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད། ཞང་ཀང་དུ་གཟིགས་ཞིབ་གནང་རྒྱུ་རེད། པར་འདི་ནི་ཞི་ཅིན་ཕིང་ཞང་ཀང་དུ་འབྱོར་མ་ཐག་བཅར་འདྲི་ཁུལ་དུ་ཕེབས་ཏེ་དེ་གར་ཡོད་པའི་གསར་འགོད་པར་འཚམས་འདྲི་གནང་བ་མ་ཟད། སྤུན་ཟླ་ཞང་ཀང་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་བཞིན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ངེད་ཀྱིས་ཞང་ཀང་ལ་དོ་ཁུར་དང་ཞང་ཀང་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། ངའི་སེམས་པ་དང་ཀྲུང་དབྱང་སྲིད་གཞུང་གི་སེམས་པ་ནམ་ཡང་སྤུན་ཟླ་ཞང་ཀང་བ་དང་མཉམ་དུ་ཡོད། འདས་ཟིན་པའི་དུས་སྐབས་ཤིག་གི་ནང་ཞང་ཀང་ལ་ཛ་དྲག་ཆེ་བའི་ཚོད་བགམ་ཐེངས་མང་ཐེབས་ཤིང་ཉེན་ཁ་དང་འགྲན་སློང་མང་པོ་ལས་རྣམ་པར་རྒྱལ་ཞིང་། ཆར་རླུང་དྲག་པོའི་ཁྲོད་ཞང་ཀང་དུ་སླར་ཡང་གསོན་ཤུགས་འཕེལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་མངོན་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་ལ་གསོན་ཤུགས་ཆེན་པོ་ལྡན་པ་དེ་ནི་ཞང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་འགན་སྲུང་དང་ཞང་ཀང་གི་བདེ་སྐྱིད་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཡག་པོ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་བྱས་ཡོད།

ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་བསྡད་ནས་ཞང་ཀང་དུ་འབྱོར་ཞིང་། ཟླ7པའི་ཚེས1ཉིན་བསྡུ་རྒྱུ་ཡིན་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད། ཞང་ཀང་དུ་གཟིགས་ཞིབ་གནང་རྒྱུ་རེད། པར་འདི་ནི་ཞི་ཅིན་ཕིང་ཞང་ཀང་དུ་འབྱོར་མ་ཐག་བཅར་འདྲི་ཁུལ་དུ་ཕེབས་ཏེ་དེ་གར་ཡོད་པའི་གསར་འགོད་པར་འཚམས་འདྲི་གནང་བ་མ་ཟད། སྤུན་ཟླ་ཞང་ཀང་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་བཞིན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་བྱས་ཚེ་ཞང་ཀང་གི་འབྱུང་འགྱུར་སྔར་ལས་མཛེས་སྡུག་ལྡན་ཞིང་། ཞང་ཀང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བར་སྔར་ལས་ལྷག་པར་བྱས་རྗེས་གསར་པ་གང་མང་འབུལ་ཐུབ་ངེས་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཤུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲེན་ཡུའེ་ཡུའེ། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མོན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཞ་པའོ་ལུང་སོགས་ཕེབས་རོགས་མི་སྣ་རྣམས་ལྷན་དུ་འབྱོར་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའང་ཀྲེན་དབྱིང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འོས་བསྐོས་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲང་ཅུས་ནེང་། ནོར་སྲིད་ཟི་ཡི་ཟི་ཀྲང་ཁྲེན་མའོ་པོ། ཁྲིམས་སྲིད་ཟི་ཡི་ཟི་ཀྲང་ཀྲེན་རུའོ་ཧྭ། ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིའང་ཅུན་ཡན། སྲིད་འཛིན་གྲོས་ཚོགས་ཀྱི་དཔོན་རིགས་མ་ཡིན་པའི་གྲོས་མི་སྐོང་བསྡུ་བྱེད་མཁན་ཁྲེན་ཀྲི་སི་སོགས་མེ་འཁོར་བབས་ཚུགས་སུ་ཕེབས་ནས་ཕེབས་བསུ་ཞུས།

ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ལུའོ་ཧུའེ་ཉིང་དང་ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཀུང་ཧྲུའུ་ཡི་ཧྲུའུ་ཀྲང་ཀྲེང་ཡན་ཞུང་། ཞང་ཀང་དུ་སྡོད་པའི་ཕྱི་འབྲེལ་པུའུ་ཡི་ཆེད་མངགས་པ་ལིའུ་ཀོང་ཡོན། ཞང་ཀང་དུ་སྡོད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་གི་དམག་སྤྱི་ཕེང་ཅིང་ཐང་དང་ཆབ་སྲིད་ཨུ་ཡོན་ལའེ་རུའུ་ཞིན་སོགས་ཀྱང་མེ་འཁོར་བབས་ཚུགས་སུ་ཕེབས་བསུ་ཞུས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།