ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5བའི་ཟླ་མཇུག་བར་དུ་རང་རྒྱལ་གྱི་སླར་སྐྱེ་ནུས་ཁུངས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར11ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ནུས་ཁུངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཟླ་མཇུག་བར་དུ་རང་རྒྱལ་གྱི་སླར་སྐྱེ་ནུས་ཁུངས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར11ལས་བརྒལ་བ་དང་དུས་མཉམ་ལས15.1%འཕར་ཡོད། དེའི་ཁྲོད། རྒྱུན་གཏན་ཆུ་གློག་སྟོང་ཝ་དུང་ཕྱུར3.6ཡིན་པ་དང་། ཆུ་འཐེན་ནུས་གསོག་སྟོང་ཝ་དུང་ཕྱུར0.4ཡིན་པ། རླུང་གློག འོད་ཤུགས་གློག་འདོན། སྐྱེ་དངོས་དངོས་རྫས་གློག་འདོན་སོགས་ནུས་ཁུངས་གསར་བའི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར7ལས་བརྒལ་ཡོད།

ཟླ1པོ་ནས་ཟླ5བའི་བར། རྒྱལ་ཡོངས་ཀྱི་སླར་སྐྱེ་ནུས་ཁུངས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི4349གསར་སྣོན་བྱས་ཏེ། རྒྱལ་ཡོངས་ཀྱི་གློག་འདོན་གསར་སྣོན་སྒྲིག་སྦྱོར་འཕྲུལ་འཁོར་གྱི82.1%ཟིན་ཡོད་པས། དེ་རང་རྒྱལ་གྱི་གློག་འདོན་གསར་སྣོན་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཙོ་གཞི་རུ་གྱུར་ཡོད། རྒྱལ་ཡོངས་ཀྱི་སླར་སྐྱེ་ནུས་ཁུངས་ཀྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་ཁྲི1.06ལ་སླེབས་ཏེ་དུས་མཉམ་ལས16.8%འཕར་ཡོད་པས། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི31.5%ལྷག་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།