ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྒྱང་ཚོར་ཨང་སོ་ལྔ་བའི་སྲུང་སྐར་ཚོགས་པ02འཕེན་གཏོང་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ6པའི་ཚེས23ཉིན་གྱི་དུས་ཚོད10དང་སྐར་མ22སྟེང་རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པའི་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ“མདའ་གཅིག་ལ་སྲུང་སྐར་གསུམ”གྱི་རྣམ་པས་རྒྱང་ཚོར་ཨང་སོ་ལྔ་བའི་སྲུང་སྐར་ཚོགས་པ02གནམ་མཁར་འཕང་བཞིན་པའི་རྣམ་པ་རེད

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས23ཉིན་གྱི་དུས་ཚོད10དང་སྐར་མ22སྟེང་། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པའི་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ“མདའ་གཅིག་ལ་སྲུང་སྐར་གསུམ”གྱི་རྣམ་པས་རྒྱང་ཚོར་ཨང་སོ་ལྔ་བའི་སྲུང་སྐར་ཚོགས་པ02གནམ་མཁར་འཕངས་ཤིང་། བདེ་བླག་ངང་སྔོན་ལ་གཏན་ཁེལ་བྱས་པའི་འཁོར་ལམ་དུ་སྐྱེལ་ཐུབ་པ་བྱུང་བས། ཐེངས་འདིའི་འཕེན་གཏོང་བྱ་བ་ལེགས་འགྲུབ་བྱུང་།

སྲུང་སྐར་ཚོགས་པ་འདི་གཙོ་བོར་ཚན་རིག་ཞིབ་འཇུག་དང་རྒྱལ་ཁོངས་ཐོན་ཁུངས་ཞིབ་བཤེར། ཞིང་ལས་ཐོན་ཚད་སྔོན་དཔག གནོད་འགོག་གནོད་སེལ་བཅས་ཀྱི་ཐད་བཀོལ་རྒྱུ་རེད། 

ཐེངས་འདིའི་ལས་འགན་ནི་རྒྱང་བསྐྱོད་རྟགས་ཅན་གྱི་མེ་ཤུགས་སྐྱེལ་འདྲེན་འཕུར་མདའི་འཕུར་ཐེངས424པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།