ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས22ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད། ཁ་བྱང་ལ“དུས་རབས་ཀྱི་འགྲོས་དང་བསྟུན་ནས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས”ཞེས་པའི་བརྗོད་དོན་གཏམ་བཤད་སྤེལ། 

པར་འདི་ནི་ཟླ6པའི་ཚེས22ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཁ་བྱང་ལ“དུས་རབས་ཀྱི་འགྲོས་དང་བསྟུན་ནས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས”ཞེས་པའི་བརྗོད་དོན་གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་འདྲེས་དང་། རྒྱུན་ཆད་མེད་པར་བདེ་འཇགས་ཀྱི་འགྲན་སློང་སྣ་ཚོགས་ལ་འཕྲད་པ། འཛམ་གླིང་དཔལ་འབྱོར་སླར་གསོ་འབྱུང་དལ་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགལ་རྐྱེན་ཚབས་ཆེན་འཕྲད་པ་རེད། འཛམ་གླིང་འདི་ཇི་ལྟ་བུའི་ཕྱོགས་སུ་བསྐྱོད་དགོས་པ་དང་ཞི་བདེ་ཡིན་ནམ་དམག་འཁྲུག་ཡིན་པ། འཕེལ་རྒྱས་ཡིན་ནམ་ཉམས་ཞན་ཡིན་པ། སྒོ་འབྱེད་ཡིན་ནམ་བཀག་རྒྱ་ཡིན་པ། མཉམ་ལས་ཡིན་ནམ་འགྲན་རྒོལ་ཡིན་པ། འདི་དག་ཚང་མ་ང་ཚོའི་མདུན་དུ་ལྷགས་པའི་དུས་རབས་ཀྱི་གནད་དོན་ཏག་ཏག་རེད།

ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེ་སྐབས་རེར་རླུང་རླབས་འཇགས་ལ་སྐབས་རེར་རྦ་རླབས་དྲག་ཏུ་འཕྱུར་ནའང་མདུན་ནས་མདུན་དུ་བསྐྱོད་རྒྱུ་ནི་ཆོས་ཉིད་འབའ་ཞིག་རེད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་ལྟར་ཆེ་ནའང་སྒོ་འབྱེད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་འགྱུར་མི་སྲིད་ལ། ལག་གདང་སྦྲེལ་ནས་མཉམ་ལས་བྱ་རྒྱུ་དང་འགྲན་སློང་མཉམ་བསུ་བྱེད་པའི་འདུན་པ་ནམ་ཡང་འགྱུར་མི་སྲིད། ང་ཚོས་ལོ་རྒྱུས་འཕེལ་ཕྱོགས་ཀྱི་ཆོས་ཉིད་ལ་ཤེས་རྟོག་ཡང་དག་བྱ་རྒྱུ་དང་། དུས་དང་བྱ་བ་གང་ཞིག་གི་བསླུ་བྲིད་འོག་ཏུ་མི་ཚུད་པ། ཉེན་ཁར་མི་སྐྲག་པ། དཔའ་ངར་ཆེན་པོས་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དམིགས་ཚད་ལེགས་པར་བསྒྲུབ་ཆེད་དཔའ་ངར་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་དགོས་ཞེས་ནན་བཤད་གནང་།

པར་འདི་ནི་ཟླ6པའི་ཚེས22ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཁ་བྱང་ལ“དུས་རབས་ཀྱི་འགྲོས་དང་བསྟུན་ནས་མཛེས་སྡུག་གི་མ་འོངས་པ་བསྐྲུན་དགོས”ཞེས་པའི་བརྗོད་དོན་གཏམ་བཤད་སྤེལ་བཞིན་པའི་ཚུལ་རེད། 

ཞི་ཅིན་ཕིང་གིས། ད་ལོའི་ཚུན་དུ། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ནང་དང་རྒྱལ་ཕྱིའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གདོང་གཏོད་ཆེད། ཀྲུང་གོས་རིམས་ནད་བཀག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་ལ་གཅིག་གྱུར་འཆར་འགོད་དང་། མི་དམངས་གཙོར་འཛིན་པ་དང་ཚེ་སྲོག་བླ་མེད་འཛིན་པ་རྒྱུན་འཁྱོངས་བྱ་རྒྱུ་ནི། ཚད་ངེས་ཅན་ཞིག་གི་སྟེང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་གཞི་རྩའི་སྟེང་ནས་འགན་སྲུང་ཐོབ་ཡོད། ཀྲུང་གོས་སྤྱི་ཁོག་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྔར་ལས་ལྷག་པར་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཧུར་ཐག་སྒོས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན། ལོ་སྨད་དུ་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པར་དུས་རིམ་རྗེས་མའི་ཀྲུང་གོ་འཕེལ་རྒྱས་ཀྱི་འཆར་གཞི་བཟོ་འགོད་བྱ་རྒྱུ་ཡིན། ཀྲུང་གོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་རྒྱུ་དང་ཧུར་ཐག་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་འབད་བརྩོན་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་སྔར་ལས་ལྷག་པར་ཆུ་ཚད་མཐོ་ཞིང་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་བསྐྲུན་ཏེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་ཡིན་པས། ཚང་མས་ཀྲུང་གོར་མ་འཇོག་ལས་དར་བྱ་རྒྱུ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱུ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། གསེར་གྱོམ་མཉམ་ལས་སྒྲིག་གཞི་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་གར་སྟེགས་གལ་ཆེན་ཞིག་རེད། མིག་སྔར། གསེར་གྱོམ་མཉམ་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། རེ་བ་ཡིན་ན་ཁེ་ལས་པ་རྣམས་ཀྱིས་བློ་བརྟན་འགྱུར་མེད་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་སྒོ་དབྱེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་འདོན་མཁན་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ། མཉམ་སྤྱོད་འཕེལ་རྒྱས་ཀྱི་ལག་ལེན་པ་བཅས་བྱས་ཏེ་གསེར་གྱོམ་མཉམ་ལས་ལ་ཤུགས་བསྣན་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་དྲང་གཞག་ཡིན་པའི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཁེ་བསྐྲུན་དགོས་ཞེས་གསུངས།

2022ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་འདི་ཟླ6པའི་ཚེས22ཉིན་པེ་ཅིང་ནས་དྲ་སྟེང་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པ་སྤྱད་ནས་འཚོགས་པ་རེད། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུའུ་ས་དང་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ། གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཡི་པུའུ་ཀྲང་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་པ། བཟོ་ཚོང་ལས་རིགས་ཀྱི་འཐུས་མི་སོགས་ཁྱོན་མི1000ལྷག་མཛད་སྒོར་ཞུགས་ཡོད།

ཧུའུ་ཁྲུང་ཧྭ་ཡིས་མགོ་ཚུགས་མཛད་སྒོར་མགོ་འཛིན་གནང་།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།