ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི2022ལོའི་སློབ་མ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི2022ལོའི་སློབ་མ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། ཁྱོད་ཚོས་སློབ་གྲྭའི་ནང་སློབ་སྦྱོང་ནན་ཏན་དང་དཀའ་སྤྱད་སྦྱོང་བརྡར་བྱས་ཏེ་ཕྱོགས་སོ་སོ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། མི་འགྱངས་པར་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་དམག་སྒར་དུ་བསྐྱོད་དགོས་པས་ངས་ཁྱོད་ཚོར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁྱོད་ཚོས་དཀའ་ཚེགས་ཆེ་བའི་མཐའ་མཚམས་ཐག་རིང་ས་ཁུལ་དང་། དམག་སྦྱོང་དང་དམག་གྲབས་ཀྱི་འཐབ་ས་དང་པོ། ཏང་དང་མི་དམངས་ལ་དགོས་མཁོ་ཆེ་ཤོས་ཀྱི་ས་ཆ་བཅས་སུ་བསྐྱོད་དེ་བྱས་རྗེས་འཇོག་འདོད་ཀྱི་ཆོད་སེམས་དམ་པོ་བཞག་པར་ང་རང་ཧ་ཅང་དགའ་པོ་བྱུང་ཡོད། ཁྱོད་ཚོས་དམག་དཔུང་ནང་ཡིད་ཆེས་བརྟན་པོ་དང་ཏན་ཏན་ཏིག་ཏིག་ངང་ཕྱོགས་ཡོངས་ནས་སྦྱོང་བརྡར་དང་འབད་འཐབ་བྱ་རྒྱུ་དང་། རྒྱུན་ཆད་མེད་པར་འཚར་ལོངས་དང་ཡར་ཐོན་ཡོང་བར་བྱས་ནས་དམག་དཔུང་སྟོབས་ལྡན་ཅན་དུ་འགྱུར་བའི་བྱ་གཞག་ལ་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།

 ཞི་ཅིན་ཕིང་གིས་རང་དམག་གི་སློབ་གྲྭའི་སློབ་གསོ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་རེད། 2019ལོའི་ཟླ5པར་ཁོང་ཆེད་དུ་སྐམ་དམག་རྐང་དམག་སློབ་གླིང་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་སློབ་གཉེར་མི་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་ལ་བླང་བྱ་ཁ་གསལ་བཏོན་ཏེ། རྒྱ་ཆེའི་སློབ་མ་རྣམས་འཚར་ལོངས་དང་འཇོན་ནུས་ཅན་དུ་འགྱུར་བར་རེ་བ་ཆེན་པོ་བཅིངས་ཡོད། སློབ་གླིང་དེར2022ལོའི་མཐར་ཕྱིན་སློབ་མ་ཁྱོན1100ལྷག་ཡོད་ལ། སློབ་ཐོན་མཉམ་རྒྱུགས་ཀྱི་ཚད་གཞི་ལོན་ཚད100%དང་སྦྱངས་འབྲས་ལེགས་ཚད94%ཟིན་ཡོད། མི་ཐེངས200ལྷག་སློབ་གླིང་གི་དམག་དོན་འགྲན་བསྡུར་ཆེན་མོའི་ཁྲོད་ཕུལ་བྱུང་མི་སྣར་བདམས་པ་དང་མི་ཐེངས60ལྷག་ལ་རྒྱལ་ཡོངས་ཀྱི་དམག་ཡོངས་ཀྱི་འགྲན་བསྡུར་ནང་བྱ་དགའ་ཐོབ་ཡོད། ཉེ་ཆར། སྐམ་དམག་རྐང་དམག་སློབ་གླིང་གི2022ལོའི་སློབ་མ་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་སྦྱོང་དང་སྦྱོང་བརྡར་གྱི་གནས་ཚུལ་སྙན་སེང་ཞུས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅིངས་ཤིང་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་པ། དམག་དཔུང་སྟོབས་ཆེར་གཏོང་བར་མཐའ་གཅིག་ཏུ་འབད་འཐབ་བྱེད་པ་བཅས་ཀྱི་དད་སེམས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།