ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ་སྔོན་མ་ལྔ་རིང་རྒྱལ་ཡོངས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་དུས་མཉམ་ལས་མང་དུ་ཕྱིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གྱི་རྒྱལ་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་སྟེ། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར339གྱི་ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད85.1%ཡིན་པ་དེ་དུས་མཉམ་ལས་བརྒྱ་ཆའི་གྲངས0.5མཐོ་རུ་ཕྱིན་པ་དང་། PM2.5ཡི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ35ཟིན་ནས་དུས་མཉམ་ལས5.4%ཆག་ཡོད། PM10ཡི་ཆ་སྙོམས་གར་ཚད་དེ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ59ཟིན་ལ། དུས་མཉམ་ལས9.2%ཆག་ཡོད།

པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱི“2+26”གྲོང་ཁྱེར་གྱི་ཆ་སྙོམས་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད66.8%ཟིན་ནས་དུས་མཉམ་ལས་བརྒྱ་ཆའི་གྲངས3.5འཕར་བ་དང་། PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ51ཟིན་པ་དེ་དུས་མཉམ་ལས3.8%ཆག་ཡོད། དྲི་ངན་དབྱང་རླུང་གི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝའེ་ཁེ162ཟིན་པ་དེ་དུས་མཉམ་ལས12.5%འཕར་ཡོད། 

འབྲི་ཆུ་ཟུར་གསུམ་ས་ཁུལ་གྱི་གྲོང་ཁྱེར41གི་ཆ་སྙོམས་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད80.8%ཡིན་པ་དང་དུས་མཉམ་ལས་བརྒྱ་ཆའི་གྲངས7.0ཆག་ཡོད། PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ38ཟིན་པ་དེ་དུས་མཉམ་ལས5.6%འཕར་ཞིང་། དྲི་ངན་དབྱང་རླུང་གི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ156ཟིན་པ་དེ་དུས་མཉམ་ལས13.9%འཕར་ཡོད། ཧྥེན་ཝེ་བདེ་ཐང་གི་གྲོང་ཁྱེར11གི་ཆ་སྙོམས་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད61.8%ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆའི་གྲངས4.5ཆག་ཡོད། PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ56ཟིན་པ་དེ་དུས་མཉམ་ལས7.7%འཕར་ཡོད། དྲི་ངན་དབྱང་རླུང་གི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝའེ་ཁེ151ཟིན་ནས་དུས་མཉམ་ལས12.7%འཕར་ཡོད།

གཙོ་གནད་གྲོང་ཁྱེར168ཁྲོད་ཧའེ་ཁོའུ་དང་ལྷ་ས། ཀྲོའུ་ཧྲན་གྲོང་ཁྱེར་སོགས་གྲོང་ཁྱེར20ཡི་མཁའ་རླུང་སྤུས་ཚད་བལྟོས་བཅས་ཀྱིས་ལེགས་པོ་ཡོད་པ་དང་། ཞན་དབྱང་དང་ཞི་ཨན། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་སོགས་གྲོང་ཁྱེར20ཡི་མཁའ་རླུང་སྤུས་ཚད་བལྟོས་བཅས་ཀྱིས་ཞན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།