ཀྲུང་གོ་བོད་ཀྱི་དྲ་བ།

​གསེར་གྱོམ་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་པ་དང་​དབྱང་ཅེ་ཁྲེ་ཡིས་གཙོ་སྐྱོང་གནང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེས་པེ་ཅིང་དུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མི་ཚོགས་འདུ་ཐེངས་བཅུ་གཉིས་པར་གཙོ་སྐྱོང་གནང་ནས། གསེར་གྱོམ་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ“སྒོ་དབྱེ་དང་བསྟུན་མཁས། མཉམ་ལས། གཉིས་ཕན”བཅས་ཀྱི་གསེར་གྱོམ་གྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ལྔ་པོའི་མགོ་ཁྲིད་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་གཞིར་བཟུང་འཚོག་ཉེར་ཡོད་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཐུག་འཕྲད་ཐེངས་བཅུ་བཞི་པར་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་གནང་།

དབྱང་ཅེ་ཁྲེས་བསྟན་དོན། ལོ་བརྒྱ་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་གཅིག་ཐོག་གཅིག་བརྩེགས་ཀྱིས་བྱུང་ཏེ། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་ཐོག་ནས་བྱུང་ཡོད། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ་བཏོན་པ་དང་། མིག་སྔའི་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་དཀའ་གནད་སེལ་ཆེད་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད་ལ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་བསྐྲུན་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།

དབྱང་ཅེ་ཁྲེ་ཡིས་ནན་བཤད་གནང་དོན། གསེར་གྱོམ་རྒྱལ་ཁབ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ཚོགས་སྤྱིའི་རང་བཞིན་གྱིས་ཐོན་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་གསར་འཛུགས་བྱས་པ་དང་། དེས་འཛམ་གླིང་གི་གནས་བབ་དང་རྒྱལ་སྤྱིའི་སྒྲིག་ལམ་རིམ་འགྱུར་དང་ལེགས་སྒྲིག་གི་མདུན་སྐྱོད་ཁ་ཕྱོགས་མཚོན་ཡོད། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་དུས་བབ་ལ་འགྱུར་ལྡོག་དབང་གིས་ཟང་ཟིང་གི་རྒྱལ་སྤྱིའི་དུས་བབ་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་པོ་བབསྣན་ཡོད། དངོས་འབྲེལ་གྱི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་ཐུན་མོང་གི་བདེ་འཇགས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པ། སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་འཇིགས་སྐུལ་ལ་སྤྱི་འདོམས་བྱེད་པ། ཕྱོགས་བསྡུས་བདེ་འཇགས་མངོན་འགྱུར་ཧུར་ཐག་བྱེད་པ། ཕྱར་བ་གྲུ་འདེགས་དར་སྤེལ་གཏོང་བ། མཉམ་ལས་ཀྱི་བདེ་འཇགས་མངོན་འགྱུར་ཧུར་ཐག་བྱེད་པ། བདེ་འཇགས་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། ཧུར་ཐག་གིས་རྒྱུན་མཐུད་བདེ་འཇགས་མངོན་འགྱུར་བཅས་བྱེད་དགོས།

ཚོགས་འདུས་འཇིགས་སྐུལ་ལ་ངོ་རྒོལ་དང་དྲ་རྒྱའི་བདེ་འཇགས་ལས་དོན་ཚན་ཆུང་གི་བྱ་བར་གྲོས་ཞིབ་བྱས་ཤིང་། ཚང་མས་ཐུན་མོང་ཐོག་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་དང་དྲ་རྒྱའི་བདེ་འཇགས་མཉམ་ལས་ཀྱི་འབྲེལ་ཡོད་འཆར་གཞི་དང་ལས་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་གཞག་ཁྲོད་ཐོན་པའི་ལྟེ་བའི་མཐུན་སྦྱོར་ནུས་པར་སྲུང་སྐྱོང་བྱས་ཏེ། སྔར་བས་བསྟུན་མཁས་དང་མཚོན་བྱེད་རང་བཞིན་ལྡན་པ། དམངས་གཙོ་ལྡན་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་མ་ལག་གཏོད་རྒྱུའི་རེ་འབོད་བྱས་ཡོད་པར་བསྟན།

ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལས་ཤག་གི་པུའུ་ཀྲང་ཀང་ཀུའུ་པེར་དང་། པར་ཙིར་གྱི་ཙུང་ཐུང་ལས་ཤག་གི་སྒྲིག་གཞིའི་བདེ་འཇགས་གཞུང་ལས་ཁང་གི་ཀྲུའུ་རེན་ཨེ་ལའེ་ནོ། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་བདེ་འཇགས་ཚོགས་འདུའི་དྲུང་ཡིག་ཕ་ཐེ་ལུའུ་ཧྲེ་ཕུའུ། རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་བློ་འདྲི་བ་ཏུའོ་ཝའར་བཅས་ཚོགས་འདུར་ཕེབས་ཡོད། ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་འཇིགས་སྐུལ་གྱི་འགྲན་སློང་གསར་པར་ཁ་གཏད་གཅོག་པ། ཞིན་ཅང་ས་ཁོངས་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ནས་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་ཡོད། ཕྱོགས་སོ་སོས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་བཞི་པར་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།