ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་གཏིང་ཟབ་སྒོས་འཕེལ་རྒྱས་གསར་བའི་འདུ་ཤེས་དེ་རང་འགུལ་ངང་འཕེལ་རྒྱས་གསར་བའི་བློ་ཁ་དང་མཐུན་པར་དོན་འཁྱོལ་བྱས་ཏེ། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་ཧུར་ཐག་སྒོས་སི་ཁྲོན་འཕེལ་རྒྱས་ཀྱི་གླེག་བམ་གསར་བ་འབྲི་དགོས་ཞེས་བསྟན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་དང་ཡང་དག ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་ཞུ་དང་གཅིག་ཏུ་འདྲེས་པར་བྱེད་པ། རིམས་ནད་བཀག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་བརྟན་བརླིང་ངང་གོང་སྤེལ་དུ་གཏོང་བར་རྒྱུན་འཁྱོངས། སྤྱི་ཚོགས་ཧྲིལ་བོ་བརྟན་བརླིང་ཡོང་བར་རྒྱུན་འཁྱོངས། སི་ཁྲོན་དར་རྒྱས་ཀྱི་སྐས་རིམ་གསར་བར་བསྐྱོད་པར་སྐུལ་འདེད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་བའི་སྟེང་ཧུར་ཐག་སྒོས་སི་ཁྲོན་འཕེལ་རྒྱས་ཀྱི་གླེག་བམ་གསར་བ་འབྲི་བ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། 

རྟོག་ཞིབ་གནང་སྐབས། ཞི་ཅིན་ཕིང་གིས་རྨས་མར་རོགས་སྐྱོར་སྨན་བཅོས་བྱ་རྒྱུ་དང་གནོད་ཁུལ་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་ཟབ་བཞེས་གནང་ཞིང་། ཡོམ་འགོག་གནོད་སྐྱོབ་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་རྨས་མར་རོགས་སྐྱོར་དང་སྨན་བཅོས་བྱ་བ་བཟང་བོ་བསྒྲུབ་དགོས་པ་དང་གནོད་ཐེབས་མང་ཚོགས་ཀྱི་སེམས་ཁམས་སྙོམས་སྒྲིག་ལ་ཤུགས་སྣོན་བྱེད་པ། རྐྱེན་ལམ་དུ་ཤོར་བའི་འདས་པོའི་གཤིན་ལས་བཟང་བོ་བསྒྲུབ་པ་དང་ཁྱིམ་མི་རྣམས་ལ་སེམས་གསོ་བྱེད་པ། གནོད་ཐེབས་དམངས་ཚོགས་ལ་འཚོ་བ་བཀོད་སྒྲིག་བྱས་ཏེ་འཚོ་བའི་གཞི་རྩའི་དངོས་རྫས་འདོན་སྤྲོད་བྱ་ཐུབ་པར་འགན་སྲུང་བྱ་དགོས་པ་མ་ཟད། བསྐྱར་སྐྲུན་སླར་གསོའི་འཆར་འགོད་བཟང་བོ་བཟོས་ཏེ་མགྱོགས་མྱུང་ངང་ལག་བསྟར་བྱ་རྒྱུ་དང་གནོད་ཐེབས་མང་ཚོགས་རྣམས་སྔ་མོ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་སླར་གསོ་འབྱུང་བར་རོགས་སྐྱོར་བྱ་དགོས་ཞེས་མངག་བཅོལ་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།