ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣ་དུང་ཕྱུར7.465དང་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་དུང་ཕྱུར10ལས་བརྒལ་ཞིང་ཐེབས་རྩ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་6.397གྲབས་གསོག་བྱས་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས7ཉིན་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཕྱི་ཕྱོགས་སུ《2021ལོའི་ལོ་འཁོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། 2021ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ལས་ཞུགས་མི་སྣ་ཁྲི74652ཡོད་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི46773ཡོད། རྒྱལ་ཡོངས་ཀྱི་ལས་ཞུགས་མི་སྣའི་ཁྲོད་ཐོན་ལས་དང་པོའི་ལས་ཞུགས་མི་སྣས22.9%དང་། ཐོན་ལས་གཉིས་པའི་ལས་ཞུགས་མི་སྣས29.1%། ཐོན་ལས་གསུམ་པའི་ལས་ཞུགས་མི་སྣས48.0%བཅས་ཟིན་ཡོད། 2021ལོར་རྒྱལ་ཡོངས་ཀྱི་ཞིང་པ་ལས་བཟོ་པའི་བསྡོམས་འབོར་ཁྲི29251ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི691ཇེ་མང་དུ་ཕྱིན་ནས2.4%འཕར་ཡོད། དེའི་ནང་ས་གནས་དེ་གའི་ཞིང་པ་ལས་བཟོ་པ་མི་ཁྲི12079ཟིན་ནས4.1%འཕར་བ་དང་། ཕྱིར་བསྐྱོད་ཞིང་པ་ལས་བཟོ་པ་མི་ཁྲི17172ཟིན་ནས1.3%འཕར་ཡོད།

2021ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི102871ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི3007འཕར་ཡོད། ལོ་ཧྲིལ་པོའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར65793དང་། ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར60197ཟིན་ཡོད། ལོ་མཇུག་ཏུ་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར63970གྲབས་གསོག་བྱས་པ་དེའི་ནང་ཐེབས་རྩའི་མ་འཇོག་གཉེར་སྐྱོང་གི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.46ཟིན་པ་དང་ལོ་དེའི་མ་འཇོག་གི་ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར632ཟིན་ཡོད།

2021ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི48074ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི2453འཕར་ཡོད། དེའི་ནང་འགན་བཅོལ་ནང་ཞུགས་པའི་ལས་བཟོ་པ་ཁྲི34917དང་། འགན་བཅོལ་ནང་ཞུགས་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་པ་ཁྲི13157ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་སོ་སོར་མི་ཁྲི2058དང་མི་ཁྲི395འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལག་བསྟར་ཁེ་ལས་ལམ་ལུགས་ནང་ཞུགས་མཁན་མི་གྲངས་ཁྲི42228ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི2320འཕར་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར60455ཡོད་པ་དང་། ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར56481ཟིན་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་བསྡོམས་རྩིས་བརྒྱབ་ན་སྒོར་དུང་ཕྱུར52574གྲབས་གསོག་བྱས་ཡོད། 2021ལོར་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་བསྡུར་ཚད4.5%ཇེ་མཐོར་སོང་ཞིང་། ཐེབས་རྩའི་སྙོམས་སྒྲིག་གཞི་ཁྱོན་སྒོར་དུང་ཕྱུར9327ལ་སླེབས་ཡོད།

2011ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི54797ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི554འཕར་ཡོད། དེའི་ནང་དངོས་སུ་ཐོབ་ཐང་ལོངས་སྤྱོད་བྱེད་པའི་མི་གྲངས་ཁྲི16213ཟིན་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར5339ཟིན་ནས། ཐེབས་རྩའི་གཏོང་སྒོ་སྒོར་དུང་ཕྱུར3715ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་སྡོམ་རྩིས་བྱས་ན་སྒོར་དུང་ཕྱུར11396གྲབས་གསོག་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།