ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ་བཞིའི་རིང་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དུས་མཉམ་ལས་21.9%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་བརྟན་བརླིང་ངང་འཕར་ཞིང་། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར19074.9ཟིན་པ་དེ་དུས་མཉམ་ལས21.9%འཕར་བ་དང་། དེའི་ནང་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར9332.6ཟིན་ནས25.1%འཕར་ཡོད། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར9742.3ཟིན་ནས19.1%འཕར་ཡོད། ཞབས་ཞུ་ཕྱིར་གཏོང་གི་འཕར་ཚད་དེ་ནང་འདྲེན་ལས་བརྒྱ་ཆའི་གྲངས6གིས་མཐོ་བ་དང་། ཞབས་ཞུའི་ཉོ་ཚོང་གི་ལྡོག་ཁྱད་ཆག་ཚད་སྒོར་དུང་ཕྱུར43.1%ནས་སྒོར་དུང་ཕྱུར409.7བར་ཟིན་པར་སྐུལ་ཁྲིད་བྱས་ཡོད། ཟླ4པར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ཞབས་ཞུའི་དངུལ་འབོར་སྒོར་དུང་ཕྱུར4502ཟིན་ནས་དུས་མཉམ་ལས10.8%འཕར་ཡོད།

ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཉོ་ཚོང་བརྟན་བརླིང་ངང་འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར8009.9ཟིན་ནས9.3%འཕར་ཡོད། དེའི་ནང་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར4563.6ཟིན་ནས10.4%འཕར་ལ། ཕྱིར་གཏོང་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་ནི་གློག་འཕྲིན་དང་རྩིས་འཁོར། ཆ་འཕྲིན་བཅས་ཀྱི་ཞབས་ཞུ་ཡིན་པ་དང་། དེ་མིན་ཚོང་ལས་ཞབས་ཞུ་རིགས་སོ་སོར13%དང12.4%འཕར་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར3446.3ཟིན་ནས8%འཕར་ཞིང་། ནང་འདྲེན་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་ནི་འགན་བཅོལ་ཞབས་ཞུ་ཡིན་པས་འཕར་ཚད91.2%ཟིན་ཡོད།

ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་མུ་མཐུད་དུ་སླར་གསོ་བྱུང་ཡོད། ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར2718.3ཟིན་ནས9.5%འཕར་ཡོད། ཡུལ་སྐོར་ཞབས་ཞུ་ཕུད་ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན24.3%འཕར་བའི་ནང་ཕྱིར་གཏོང་26.6%དང་ནང་འདྲེན21.4%འཕར་ལ། 2019ལོའི་དུས་མཉམ་དང་བསྡུར་ན་ཞབས་ཞུ་ཕྱིར་གཏོང་ནང་འདྲེན50.5%འཕར་བའི་ནང་ཕྱིར་གཏོང་འཕར་ཚད67.6%དང་ནང་འདྲེན་འཕར་ཚད33.4%ཟིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།