ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་ཁྲི11042.5ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོའི་ཟླ12པའི་ཚེས31ཉིན་བར་རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་ཁྱོན་ཁྲི11042.5ཡོད་པ་རེད།

རྒྱལ་ཡོངས་སུ་བསྡོམས་པས་གཞི་རིམ་གྱི་གཞོན་ནུའི་ལས་དོན་ཨུ་ལྷན་ཁྲི20.7ཡོད་པ་དང་། དེའི་ནང་སློབ་གྲྭ་ཆུང་འབྲིང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན་ཁྲི20.0དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་གཞོན་ནུའི་ཕོ་བྲང་སོགས་སློབ་ཕྱིའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན་ཁྲི0.7ཡོད། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ལ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་ཁྲི21.6ཡོད་པ་དང་རུ་འབྲིང་ཁྲི302.1ཡོད།

རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་ཁྲི36.5ཡོད་པ་དང་། དེའི་ནང་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱིའི་ཟུར་ཁྲིད་པ་ཁྲི0.3དང་།སློབ་གྲྭ་ཆུང་འབྲིང་གི་རུ་ཆེན་གྱི་ཟུར་ཁྲིད་པ་ཁྲི21.0དང་རུ་འབྲིང་གི་ཟུར་ཁྲིད་པ་ཁྲི298.6། ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ཟུར་ཁྲིད་པ་ཁྲི26.6བཅས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།