ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཨར་ཅི་རི་ཡའི་མི་རིགས་གྲོས་ཁང་གི་མགོ་གཙོ་ཀུའུ་ཅི་ལི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས31ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཨར་ཅི་རི་ཡའི་མི་རིགས་གྲོས་ཁང་གི་མགོ་གཙོ་ཀུའུ་ཅི་ལི་ལ་ཐུག་འཕྲད་གནང་།

པར་འདི་ནི་ཟླ5པའི་ཚེས31ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཨར་ཅི་རི་ཡའི་མི་རིགས་གྲོས་ཁང་གི་མགོ་གཙོ་ཀུའུ་ཅི་ལི་ལ་ཐུག་འཕྲད་གནང་བཞིན་པའི་ཚུལ་རེད།

ཝང་དབྱང་གིས་བཤད་རྒྱུར། ཕྱི་འབྲེལ་བཙུགས་ནས་ལོ་ངོ64རིང་། ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་སེམས་གཅིག་ལ་གཏད་ཅིང་། ཕན་ཚུན་གྱི་གཞི་རྩའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་ལ་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཐི་པིན་རྣམ་གཉིས་ཀྱིས་རིམས་ནད་ཐད་ཕན་ཚུན་འཕྲིན་ཡིག་སྤྲིངས་ཤིང་། ཀྲུང་གོ་དང་ཨར་ཅི་རི་ཡ་གཉིས་ཀྱིས་རིམས་ནད་སྔོན་འགོག་ཐད་ཀྱི་མཉམ་ལས་ལ་གྲུབ་འབྲས་རྒྱ་ཆེན་པོ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་འབྲེལ་སྲ་བརྟན་དང་དར་སྤེལ་གཏོང་བ་དང་། འཐབ་ཇུས་འབྲེལ་མཐུད་འཕེལ་རྒྱས་ལ་ཤུགས་སྣོན། དཔལ་འབྱོར་དང་ཚན་རྩལ། སྨན་བཅོས་འཕྲོད་བསྟེན་སོགས་ཁབ་ཁོངས་སོ་སོའི་དངོས་ཕན་མཉམ་ལས་རྒྱ་སྐྱེད་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཀྲུང་གོ་དང་ཨར་ཅི་རི་ཡའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་པ་མ་ཟད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨར་ཅི་རི་ཡ་མི་རིགས་གྲོས་ཁང་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་མདུན་ཕྱོགས་སུ་གོང་སྤེལ་དུ་གཏོང་བར་ནུས་ཤུགས་འདོན་འདོད་ཡོད།

ཀུའུ་ཅི་ལི་ཡིས་ཨར་ཅི་རི་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་འབྲེལ་ལ་ཕྱིར་དྲན་བྱས། ཁོས་བཤད་རྒྱུར། ཨར་ཅི་རི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་ཨར་ཅི་རི་ཡ་དང་ཀྲུང་གོ་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་རྒྱུ་དང་། ཧུར་ཐག་སྒོས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་རྒྱུ་ཡིན། ཨར་ཅི་རི་ཡའི་མི་རིགས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་དུ་མཛའ་འབྲེལ་འགྲོ་འོང་ལ་ཤུགས་སྣོན་བྱ་འདོད་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། 

ཝན་ཀང་དང་ལི་པིན་རྣམ་གཉིས་ཀྱང་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།