ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ་འཁོར40ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ་འཁོར40ལོན་པའི་དུས་འདིར། ངས་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན།

ལོ་ངོ40ཡི་རིང་ལ། ཀྲུང་གོ་བྱིས་པའི་ལྟེ་གནས་ཀྱིས་ཏང་གི་ཆེད་དུ་མི་སྣ་སྐྱེད་སྲིང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དངོས་འབེབས་བྱས་པ་དང་། རྒྱ་ཆེའི་བྱིས་པ་རྣམས་ལ་ཞབས་ཞུ་སྒྲུབ་ནས། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད། རེ་བར་ཁྱེད་རྣམས་ཀྱིས་སྲོལ་རྒྱུན་གཟི་བརྗིད་ཅན་དར་སྤེལ་བཏང་སྟེ། རྒྱ་ཆེ་བའི་བྱིས་པའི་ལས་བྱེད་པ་རྣམས་ལ་མཐུན་སྒྲིལ་བྱས་ནས། བྱིས་པ་འཚར་ལོངས་བྱུང་བའི་ལམ་སྟོན་པ་དང་། བྱིས་པའི་ཁེ་དབང་གི་སྲོང་སྐྱོང་པ། བྱིས་པའི་མ་འོངས་པར་རེ་བ་སྩོལ་མཁན་བཅས་བྱས་ནས། ལྷག་བསམ་རྣམ་དག་དང་བརྩེ་བ་ཟབ་མོས་བྱིས་པའི་བདེ་ཐང་འཚར་ལོངས་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་པའི་སྐབས་སུ། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ། རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་ཡིན་ལ། གྲོགས་པོ་ཆུང་ཆུང་རྣམས་སློབ་སྦྱོང་ཡར་ཐོན་འབྱུང་བ་དང་། དགའ་སྤྲོའི་ངང་འཚོ་བ་རོལ་བ། སྐྱེ་སྟོབས་ཆེན་པོའི་འཚར་ལོངས་འབྱུང་བར་སྨོན་འདུན་ཞུ་བ་ཡིན།   

ཞི་ཅིན་ཕིང་།

2022ལོའི་ཟླ5བའི་ཚེས31ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།