ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་བདེ་འཇགས་དོགས་ཟོན་གྱི་ཚད་གཞི་གསར་པ་ཟླ་6པ་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་བདེ་འཇགས་དོགས་ཟོན་གྱི་བླང་བྱ》(GB/T29315-2022ལོ)ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཁྱབ་བསྒྲགས་བྱས་པ་དང་། ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། ཚད་གཞི་དེའི་ནང་སློབ་གྲྭའི་བདེ་འཇགས་དོགས་ཟོན་གྱི་གཙོ་གནད་ཁུལ་དང་ས་ཁོངས16ཁ་གསལ་བཟོས་པ་དང་། སློབ་གྲྭའི་བདེ་འཇགས་འགོག་སྲུང་ས་ཁོངས་དེ་ནང་ཁུལ་ནས་སྒོ་རྩ་དང་ཉེ་འཁོར་ས་ཁུལ་དུ་སྣུར་སྲིང་བྱས་ཡོད།

འདི་ནི་གསར་འགོད་པས་ཚེས30ཉིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཚད་གཞི་གསར་པ་ནི2012ལོའི་པར་གཞི་ཚད་གཞིའི་རྨང་གཞིའི་ཐོག་བཟོ་བཅོས་ཐེངས་དང་པོ་བརྒྱབ་ནས། མི་ཤུགས་འགོག་ཟོན་དང་དངོས་ཚན་འགོག་ཟོན་ཐད་ཀྱི་བླང་བྱ་དམའ་དྲགས་པ་དང་། མ་ལག་ལག་རྩལ་གྱི་སྟོན་གྲངས་དང་ལག་རྩལ་གསར་པ་སྤྱོད་སྟངས་འཚམ་པོ་མེད་པ་དང་མཐུན་སྦྱོར་མེད་པ་སོགས་ཀྱི་གནད་དོན་ཁ་གསབ་བྱས་ཡོད་པས། སློབ་གྲྭའི་བདེ་འཇགས་འགོག་ཟོན་ལས་དོན་གྱི་ཚད་ལྡན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཚད་གཞི་དེས་སློབ་གྲྭའི་བདེ་འཇགས་ཀྱི“མི་དམངས་ཀྱི་དོགས་ཟོན་དང་། དངོས་པོའི་སྔོན་འགོག ལག་རྩལ་གྱི་སྔོན་འགོག་བཅས་ཟུང་འབྲེལ”གཙོ་གནད་དུ་བཟུང་ནས། སློབ་མ་དང་དགེ་རྒན།ལས་བཟོ་བའི་མི་ལུས་བདེ་འཇགས་འགན་ལེན་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་སྟེ། དོན་དངོས་ནས་མགོ་བཙུགས་ཏེ་གནད་དོན་གྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་ཁུལ་དང་བྱེད་ཐབས་གལ་ཆེན། འཕྲལ་སྡོམ་ཐག་གཅོད། ལག་རྩལ་གྱི་འདེགས་སྐྱོར་སོགས་ཀྱི་ཐད་འབྲེལ་ཡོད་ནང་དོན་དང་ལག་རྩལ་གྱི་ཚད་གཞི་འཐུས་ཚང་དུ་བཏང་ནས་སློབ་གྲྭའི་བདེ་འཇགས་དོགས་ཟོན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། ཚད་གཞི་དེ་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་བདེ་འཇགས་དོགས་ཟོན་མ་ལག་འཛུགས་སྐྱོང་དང་དོ་དམ་ཐད་སྤྱོད་རྒྱུ་དང་། ན་སོ་དར་ལ་མ་བབས་པའི་མི་ལ་གཅིག་སྡུད་སློབ་གསོ་གསོ་སྦྱོང་དང་། རོགས་སྐྱོབ་སྲུང་སྐྱོང་སོགས་སྒྲིག་གཞིའམ་ཡང་ན་གནས་ཡུལ་བདེ་འཇགས་དོགས་ཟོན་མ་ལག་འཛུགས་སྐྲུན་དང་དོ་དམ་བྱེད་སྐབས་དཔྱད་གཞིར་བཟུང་ནས་ལག་བསྟར་བྱས་ཆོག །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།