ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་སློབ་གཞིའི་བར་བཅུག་རི་མོའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་མཐར་ཕྱིན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་སྤྱི་ཚོགས་ཐོག་བསམ་འཆར་བྱུང་བའི་མི་དམངས་སློབ་གསོའི་པར་གཞིའི་སློབ་ཆུང་གི་ཨང་རྩིས་སློབ་གཞིའི་བར་བཅུག་རི་མོའི་གནད་དོན་ལ་དམིགས་ནས། སློབ་གསོ་པུའུ་ཡིས་བརྟག་དཔྱད་ཚོགས་ཆུང་བཙུགས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་རྩད་ཆོད་པའི་གནད་དོན་འཕྲལ་མར་བཅོས་སྒྲིག་དང་། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཡོད་པའི་འགན་འཁུར་བར་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ། ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ལས་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མིན་པ་དང་། བརྟག་དཔྱད་དང་ཐག་གཅོད་བྱས་འབྲས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གཞི་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་ལས་དོན་སྤེལ་བའི་བཀོད་སྒྲིག་བྱས་ནས། གནད་དོན་ཤེས་རྟོགས་བྱུང་མ་ཐག་འཕྲལ་དུ་དག་ཐེར་བྱེད་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཡོད་པའི་འགན་འཁྲི་འཁུར་མཁན་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་མོ་བྱ་རྒྱུ་རེད། །

1.png

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།