ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ནུས་རྒྱུ་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་དེ་ཟླ6པའི་ཚེས13ཉིན་ནས་བཟུང་མགོ་རྩོམ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་གཏོང་བ། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གི་རྣམ་པ་ཟབ་མོ་ཧུར་ཐག་གིས་གཏོད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་དུ་ཕྱོགས་སྒྱུར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། 2022ལོའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་དེ་ཟླ6པའི་ཚེས13ནས་ཚེས19ཉིན་བར་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོ་དེ་ཟླ6པའི་ཚེས15ཉིན་ལ་གཏན་འཁེལ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱལ་ཡོངས་ནུས་རྒྱུ་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་ཐཱན་ཉུང་སྤེལ་བར་ནུས་རྒྱུ་གྲོན་ཆུང་སྔོན་དུ་བསྐྱོད་དགོས”་ཞེས་པ་དེ་རེད། རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“‘ཐཱན་གཉིས’ཀྱི་བྱ་སྤྱོད་དོན་འཁྱོལ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན”ཞེས་པ་དེ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།