ཀྲུང་གོ་བོད་ཀྱི་དྲ་བ།

མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གཅིག་དགུ་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་གྱི་ལོ་བརྒྱའི་དོན་ཆེན་ཟིན་ཐོ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གཅིག་དགུ་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་གྱི་ལོ་བརྒྱའི་དོན་ཆེན་ཟིན་ཐོ་རྩོམ་འབྲི་ཡོངས་འགྲུབ་བྱས་ནས། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།

དོན་ཆེན་ཟིན་ཐོའི་ནང་ལོ་རིམ་སྒྲིག་པའི་རྣམ་པ་དང་ཞིབ་ཅིང་བདེན་པའི་ཚད་ལྡན་ཡིག་ཆའི་དཔྱད་ཡིག་གི་ལམ་ནས། བློ་མཐུན་མའོ་ཙེ་ཏུང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་གསར་གཏོད་རང་བཞིན་གྱི་སྒོ་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་བེད་སྤྱོད་དང་འཕེལ་རྒྱས་བཏང་སྟེ། མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་ཕུལ་བ་ཆ་རྫོགས་པར་བཀོད་ཡོད་ཅིང་། བློ་མཐུན་ཏིན་ཞའོ་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མི་དང་བློ་མཐུན་ཅང་ཙེ་མེན་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མི། བློ་མཐུན་ཧུའུ་ཅིན་ཐའོ་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོའི་གུང་ཁྲན་ཏང་མི་བཅས་ཀྱིས་ལག་ལེན་གསར་པ་དང་དུས་རབས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གང་ལེགས་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གྲུབ་པར་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་ཕུལ་བའི་དོན་ཆེན་ཆ་ཚང་བཀོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་འཐུས་ཚབ་གཙོ་བོ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་དབུ་བརྙེས་ཚུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྤྱི་སྡོམ་གཏིང་ཟབ་དང་བེད་སྤྱོད་གང་ལེགས་བྱས་ཏེ། དོན་དངོས་གསར་པར་གཞིགས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་གཏོད་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་འཕུར་མཆོང་གསར་པ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་ཕུལ་ཡོད་པའི་གནས་ཚུལ་མངོན་མཚོན་གང་ལེགས་བྱས་ཡོད། དེབ་འདིའི་ནང་དུ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ནི་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཤིག་དང་ཉམས་མྱོང་རྩ་ཆེན་ཞིག་ཡིན་པ་ཁྱོན་ཡོངས་ནས་མཚོན་པར་བྱས་ཡོད།

དོན་ཆེན་ཟིན་ཐོ་རྩོམ་སྒྲིག་དཔེ་སྐྲུན་བྱས་པ་འདིས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་སོ་སོའི་བསམ་བློར་དྲག་ཆས་སྤྲས་རྒྱུ་དང་ལག་ལེན་ལ་ཁྲིད་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བསམ་བློའི་རང་བཞིན་དང་ཆབ་སྲིད་ཀྱི་རང་བཞིན། སྦྱོར་བ་དངོས་ཀྱི་རང་རྟོགས་རང་བཞིན་བཅས་ཆེ་རུ་གཏོང་བར་ཕན་ཐོགས་ངེས་ཅན་ཡོད་པར་མ་ཟད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་ཐད་ཕན་པ་ངེས་ཅན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།