ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་མའོ་ཙེ་ཏུང་གི《ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》བཏོན་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས23ཉིན། བློ་མཐུན་མའོ་ཙེ་ཏུང་གི《ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》བཏོན་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

བློ་མཐུན་མའོ་ཙེ་ཏུང་གི《ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》འགྲེམས་སྤེལ་བྱས་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་23ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། 《གསུང་བཤད》ཀྱི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་བཏང་ནས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཆེན་པོའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་ཆེད་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་བྱེད་དགོས་ཞེས་བསྟན།

ཧོང་ཁུན་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། སུན་ཁྲུན་ལན་དང་ཧྲེན་གཡོད་གཡོད། ལིའུ་ཆི་པའོ་བཅས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་རིག་གནས་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ཧུའུ་ཧོ་ཕིང་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའམ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་། རིག་རྩལ་མཁས་ཅན་གྱི་འཐུས་མི་ཁྲེན་ཏའོ་མིང་དང་། ཧྥན་ཏི་ཨན། ཝང་ལི་ཀོང་། ཀྲུང་ཁྲིན་ཞང་བཅས་་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་བསམ་བློའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོ་དང་ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན། པེ་ཅིང་དུ་སྡོད་པའི་རྩོམ་པ་པོའི་སྒྱུ་རྩལ་མཁས་ཅན་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།