ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་མགོ་ཚུགས་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་མགོ་ཚུགས་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

པར་འདི་ནི་ཟླ5པའི་ཚེས19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་མགོ་ཚུགས་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་མཉམ་འདྲེས་བྱས་པའི་ཤུགས་རྐྱེན་འོག རྒྱལ་སྤྱིའི་གནས་བབ་བརྟན་བརླིང་མིན་པ་དང་གཏན་འཇགས་མིན་པ། བདེ་འཇགས་མིན་པ་བཅས་ཀྱི་སྣང་ཚུལ་ཉིན་རེ་བཞིན་མངོན་གསལ་རེད། ཡིན་ནའང་ཞི་བདེ་དང་འཕེལ་རྒྱས་ཡིན་པའི་དུས་རབས་ཀྱི་བརྗོད་དོན་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་འཚོལ་སྙེགས་བྱེད་པའི་འདུན་པ་འགྱུར་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱར་བ་གྲུ་འདེགས་དང་མཉམ་ལས་མཉམ་རྒྱལ་གྱི་ལོ་རྒྱས་འགན་འཁྲིའང་འགྱུར་མེད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧུར་ཐག་དང་ཡར་ཐོན། འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་ནུས་པའི་གསེར་གྱོམ་རྒྱལ་ཁབ་ཁག་གིས་ཡིད་ཆེས་བརྟན་པོ་དང་དཀའ་བ་ཁྱད་གསད། དོན་དངོས་ཀྱི་བྱ་སྤྱོད་སྟེང་ནས་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད། འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་། དམངས་གཙོ་རང་དབང་དར་སྤེལ་བཅས་བྱས་ཏེ། གཡོ་འགུལ་དང་གཏན་འཇགས་མིན་པའི་རྒྱལ་སྤྱིའི་འབྲེལ་བར་བརྟན་བརླིང་དང་དྲང་ནུས་འདོན་སྤྲོད་བྱ་དགོས། 

ཞི་ཅིན་ཕིང་གིས། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་རྒྱལ་ཁབ་གཞན་གྱི་བདེ་འཇགས་བློས་གཏོང་རྒྱུ་ནི་རིན་དོད་དུ་བྱེད་པ་དང་ཕྱོགས་རེ་བའི་ཐོག་ནས་རང་ཉིད་ཀྱི་བདེ་འཇགས་དོན་གཉེར་བྱེད་པ་དེས་ཕན་ཚུན་འགལ་བ་དང་ཉེན་ཁ་གསར་བ་བཟོ་སྲིད་ཅེས་གསལ་བཤད་བྱས་ཡོད། འཛམ་གླིང་གི་བདེ་སྡུག་མཉམ་རོལ་བྱེད་པར་སྐུལ་འདེད་གཏོང་ཆེད། ངེད་ཀྱིས་དེ་སྔོན་གོ་ལ་ཧྲིལ་བོའི་བདེ་འཇགས་སྐོར་གྱི་གྲོས་མགོ་བཏོན་པ་ཡིན། གསེར་གྱོམ་རྒྱལ་ཁབ་ཁག་གིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱི་དང་ས་གནས་གལ་ཆེན་ཁག་གི་གནད་དོན་ལ་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་ལྟ་སྐྱོང་དང་དོ་ཁུར་བྱེད་པ། ཕན་ཚུན་བར་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་བརྩི་འཇོག་བྱེད་པ། བཙན་དབང་རང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། འཇམ་འཐབ་ཀྱི་བསམ་གཞིགས་དང་ཚོགས་པའི་འགྲན་རྒོལ་ལ་བཀག་འགོག་བཅས་བྱས་ནས་མིིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་གཏོང་རྒྱུ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཐུན་མོང་གི་འགན་འཁྲི་རེད། མིག་སྔའི་ཉེན་ཁ་མཐའ་དག་ལ་འགྲན་སློང་བྱ་རྒྱུ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་མཐུན་སྒྲིལ་མཉམ་ལས་བྱེད་པར་ཤུགས་སྣོན་བྱ་རྒྱུ་ནི་འདས་ཟིན་པའི་ལོ་ཟླ་གང་ལས་ཀྱང་གལ་ཆེ་བ་རེད། རྒྱལ་ཁབ་ལྔ་བོས་མཉམ་གཅིག་ཏུ་དེ་ལས་མང་པོའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་བསམ་བློ་བརྗེ་རེས་བྱས་ཏེ། ཕན་ཚུན་ལ་རྒྱུས་ལོན་དང་ཡིད་ཆེས། མཉམ་ལས་ཀྱི་འབྲེལ་ཐག་ཇེ་དམ། ཁེ་ཕན་གྱི་མཉམ་བསྲེས་གཏིང་ཟབ་དུ་སྤེལ་བ་བཅས་བྱས་ཏེ། མཉམ་ལས་ཀྱི་སྦྲི་གོར་ཇེ་ཆེ་ནས་ཇེ་ཆེར་གཏོང་རྒྱུ་དང་། མདུན་སྐྱོད་ཀྱི་སྟོབས་ཤུགས་ཇེ་ཆེ་ནས་ཇེ་ཆེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མངོན་འགྱུར་བྱེད་པའི་མཛེས་སྡུག་གི་མདུན་ལྗོངས་བསྐྲུན་པར་སྔར་ལས་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།