ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས“གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་ཚོགས་པ།

    སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ“གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ།  འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བར་རྩོད་སྒྲུབ་ལྟ་སྟངས་འཛིན་པ་དང་སྤྱི་འདོམས་སྟངས་འཛིན་བྱེད་པ། གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེན་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་དང་མཉམ་འདྲེས་ཐུབ་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

ཟླ5པའི་ཚེས17ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ“གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།   

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན100ལྷག་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་དང་ཆེད་མཁས་པ29ཡིས་ཚོགས་འདུའི་ཐོག་གཏམ་བཤད། ཨུ་ཡོན140ལྷག་གིས་ཨུ་ཡོན་གྱི་འགན་སྒྲུབ་ལས་སྟེགས་བརྒྱུད་བསམ་འཆར་བཏོན། ཨུ་ཡོན་ཚོས་བསམ་པར། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཆེན་པོའི་གནས་བབ་བརྟན་ཅིང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ཡོད། རྒྱལ་ཡོངས་སྒྲིག་སྲོལ་གྱི་ལེགས་ཆ་གསར་པ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆ་འདོན་སྤེལ་བྱས་ཏེ། འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བྱས་ནས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རང་བདག་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཆུང་འབྲིང་གྲངས་འཛིན་ཅན་གྱི་ཕྱོགས་སུ་བསྒྱུར་བར་ཁྲིད་སྟོན་བྱེད་པ། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་ཀྱི་རྟིང་ཤུགས་སྔོག་འདོན་གང་ལེགས་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་གྱིས་སྒྲིག་ཆས་ལ་བརྟེན་ནས་བློ་གྲོས་འཕེལ་བ་དང་ཁེ་ལས་ལ་རིན་ཐང་སྤྲོད་པ། ཐོན་ལས་ལ་ནུས་པ་འདོན་པ་བཅས་ལ་སྐུལ་འདེད་གཏོང་དགོས། གཞི་གྲངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ། གཉེར་སྐྱོང་དབང་ཆ། ཁེ་འབབ་དབང་ཆ་སོགས་ཀྱི་དབང་ཆ་གསལ་པོ་བཟོས་ནས། སྔར་བས་བདེ་འཇགས་དང་ཕན་འབྲས་མཐོ་བའི་གྲངས་གཞིའི་རྒྱུ་རྐྱེན་གྱི་ཁྲོམ་ར་བསྐྲུན་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། གྲངས་འཛིན་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དྲ་རྒྱ་དང་གྲངས་གཞིའི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་སྤེལ་དགོས། གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་མ་བཏང་ནས་ཧུར་ཐག་གིས་གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་འཕེལ་རིམ་ནང་ཞུགས་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱིན་ཡོད། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ལ་རིག་ནུས་ཅན་དང་ཚད་རྡུལ་ཅན། ལས་རིགས་བརྒལ་བའི་མཉམ་འདྲེས། སིམ་འཛུལ། འཕོ་འགྱུར་མྱུར་ཚད་བཅས་ཀྱི་ཁྱད་ཆོས་གསར་པ་མངོན་བཞིན་ཡོད། གྲངས་འཛིན་དཔལ་འབྱོར་ལས་བྱུང་བའི་ཕྱོགས་མཐའ་ཀུན་གྱི་འཕོ་འགྱུར་དང་འཚམ་པར་འབད་བརྩོན་བྱས་ཏེ། ཕྱོགས་བསྡུས་ཀྱི་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཐོག་གི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་དགོས། འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས། རྨང་གཞིའི་ཞིབ་འཇུག་ཆུ་ཚད་མཐོ་རུ་གཏོང་བ་དང་། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་བར་མཐོང་ཆེན་བྱེད་དགོས། ཁེ་ལས་མཁས་པ་ནི་གསར་གཏོད་བྱེད་པོ་གལ་ཆེ་ཤོས་ཡིན་པས། ལས་སྟེགས་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། ལས་སྟེགས་དཔལ་འབྱོར་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཞིབ་ཕྲའི་བྱེད་ཐབས་ལ་ཞིབ་འཇུག་དང་རྒྱབ་སྐྱོར། ལས་སྟེགས་ཁེ་ལས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་རྣམ་གྲངས་གལ་ཆེན་ནང་ཞུགས་པར་སྐུལ་ལྕག་བཅས་བྱེད་དགོས། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། འཆར་འགོད་གཅིག་གྱུར་གཏན་འབེབས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གིས་ཐད་ཀར་མ་དངུལ་འཇོག་གྲངས་ཇེ་མང་དུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཡོངས་ཀྱི་གྲངས་འཛིན་ཅན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། གྲངས་འཛིན་ཅན་གྱི་ཁེ་ལས་རྒྱལ་ཁབ་ཕྱི་ནང་གི་མ་རྩའི་ཚོང་རར་འདོན་པར་རྒྱབ་སྐྱོར་བྱ་དགོས། གྲངས་འཛིན་དཔལ་འབྱོར་གོང་དུ་སྤེལ་བར་ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་འབྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྱད་པར་དུ་མི་ལ་དམིགས་པ་དང་མིར་ཤུགས་རྒྱག་པ། སྒོ་འབྱེད་པར་བརྟེན་ནས་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། འགྲན་རྩོད་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆང་ལི་ཡིས་སྔ་དྲོའི་ཚོགས་འདུར་མགོ་འཛིན་མཛད། ཧི་ཧོའུ་ཧྭ་དང་ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧི་ལི་ཧྥུང་། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཚོགས་འདུར་ཕེབས་ནས་བསམ་འཆར་དང་གྲོས་མགོར་གསན་ནས་ཨུ་ཡོན་དང་གྲོས་མོལ་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།