ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ4ཡི་ནང་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར2000ལེགས་འགྲུབ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་སུང་གཙང་བོའི་བཅོས་སྒྲིག་ལས་གཞི་མགོ་བརྩམས་པ་དང་བསྟུན་ནས། ད་ལོའི་རིང་ལ་གཙོ་གནད་ཆུ་བེད་བཟོ་སྐྲུན་ལས་གཞི་ཁྲོད་རྣམ་གྲངས་ལས་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། དངུལ་གཏོང་གཞི་ཁྱོན་སྒོར་དུང་ཕྱུར500ལ་སླེབས་ཡོད། ཟླ་སྔོན་མ4ཡི་ནང་རང་རྒྱལ་གྱིས་ཆུ་བེད་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར1958ལེགས་འགྲུབ་བྱས་ཏེ། ན་ནིང་གི་དུས་མཉམ་ལས45.5%འཕར་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོར་ཆུ་བེད་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར8000ཡན་ལེགས་འགྲུབ་བྱ་རྩིས་ཡོད། མིག་སྔར། དུས་རིམ་སྔོན་མའི་སྐུལ་འདེད་བྱ་བར་ཕན་འབྲས་ཡག་པོ་ཐོབ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར618བཏང་ཡོད་པའི་ཀོང་ཏུང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་བཟོ་སྐྲུན་གྱི་སྙན་ཞུར་ཆོག་མཆན་བཀོད་པའི་དུས་ཚོད་སྔོན་རྩིས་ལས་ཟླ5སྔ་སྣུར་བྱས་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར598བཏང་བའི་ལྷོ་ཆུ་བྱང་འདྲེན་དང་འབྲི་ཆུ་ཧན་ཅང་གཙང་བོ་རུ་འདྲེན་པའི་བཟོ་སྐྲུན་ལ་ས་ཞིང་ཞིབ་བཤེར་ཆོག་མཆན་གནང་བ་སོགས་ཀྱི་གནད་འགག་གི་ལས་དོན་ལེགས་འགྲུབ་བྱུང་ཡོད་པས། རྣམ་གྲངས་ལ་ཆོག་མཆན་འགོད་ཚད་ཇེ་མགྱོགས་སུ་གཏོང་བར་རྨང་གཞི་བཏང་ཡོད། 

ཆུ་བེད་འཛུགས་སྐྲུན་མ་དངུལ་གྱི་གྲབས་གསོག་ཕྱོགས་ནས། ཆུ་བེད་པུའུ་ཡིས་དངུལ་གཏོང་ཐབས་ལམ་ཧུར་ཐག་གིས་རྒྱ་སྐྱེད་པ་དང་། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་དང་དངུལ་རྩའི་མ་དངུལ། སྤྱི་ཚོགས་མ་རྩ་སོགས་ཀྱི་ཕྱོགས་ནས་དངུལ་གཏོང་ཇེ་མང་དུ་བཏང་། ད་ལོའི་རིང་ལ། ཆུ་བེད་རྣམ་གྲངས830ཡིས་ས་གནས་སྲིད་གཞུང་གི་ཆེད་དམིགས་དངུལ་འཛིན་སྒོར་དུང་ཕྱུར720དངོས་འབེབས་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་སྒོར་དུང་ཕྱུར720འཕར་སྣོན་བྱུང་ནས115%འཕར་ཡོད་པ་རེད།

ཆུ་བེད་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། གཙོ་གནད་ཆུ་བེད་ལས་གཞི་ལ་དངུལ་གཏོང་མང་བ་དང་། ཐོན་ལས་ཕྲེང་འབྲེལ་རིང་བ། ལས་ཞུགས་གསར་སྐྲུན་གོ་སྐབས་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། ཆུ་བེད་དངུལ་གཏོང་ཐད་རྒྱུན་མཐུད་ངང་ཤུགས་བསྣན་པ་དེས་དགོས་མཁོ་ནུས་ལྡན་ལ་སྣེ་ཁྲིད་བྱེད་པ་དང་སྤྱི་ཁོག་དཔལ་འབྱོར་བརྟན་བརླིང་དུ་གཏོང་བར་རོགས་རམ་བྱེད་སྲིད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།