ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་མགོ་འཛིན་མཛད་ནས་ནས་ཟླ6པའི་ཚེས20ནས22ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོག་རྒྱུའི་གཏན་འབེབས་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དོན་གཅིག་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གནང་། 

ཟླ5པའི་ཚེས16ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དོན་གཅིག་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གནང་། 

ཚོགས་འདུས2021ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་སྤུས་ཚད་གདེང་འཇོག་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་རེད། ཝང་དབྱང་གིས་བསྟན་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་སྐོར་གྱི་དགོངས་པ་གལ་ཆེན་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོས་མོལ་སྲིད་གླེང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་གྱི་གནས་བབ་ཐོག་བཞག་ནས། སྤུས་ཚད་གདེང་འཇོག་གི་ལས་དོན་ལ་འཚོལ་ཞིབ་བྱས་ཏེ་སྲིད་གྲོས་ཀྱི་ལས་དོན་དེ“ག་ཚོད་སྒྲུབ་པ”ནས“ཕན་འབྲས་གང་ཞིག་ཐོན་པ”ཡི་བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ཞིང་། “བཟང་པ”ཡི་ཚད་གཞི་གཏན་འཁེལ་བྱས་ཡོད་ལ། “བཟང་པ”ཡི་ཕྱོགས་སྟོན་ཡང་གདེང་འཇོག་བྱས་ཡོད། རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་དུ་འགྱུར་བའི་རྒྱབ་ལྗོངས་འོག རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་སྒྲུབ་ལས་དོན་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། གཞུང་ལས་ཐིང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཞབས་ཞུའི་འགན་སྒྲུབ་ཀྱི་སྤུས་ཚད་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་ཕྱིན་པ་དང་། གྲོས་མོལ་གྲུབ་འབྲས་ཀྱི་རྗེས་འདེད་བསམ་འཆར་ཚུར་ལན་དང་གཞན་སྒྱུར་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཨུ་ཡོན་གྱི་འགན་འཁྲི་འཁུར་ཕོད་པའི་འདུ་ཤེས་ཇེ་ཆེར་ཕྱིན་ཏེ། འགན་སྒྲུབ་ཀྱི་སྤྲོ་སེམས་དང་འགན་འཁྲི་སྒྲུབ་པའི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད། རྗེས་ཕྱོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་དམིགས་ཏེ། གྲོས་མོལ་སྲིད་གླེང་གི་བྱེད་སྒོ་སྣ་ཚོགས་ཀྱི་ཆོས་ཉིད་དང་ཁྱད་ཆོས་ལ་སྔར་བས་དབྱེ་ཞིབ་དང་ཕྱོགས་སྡོམ་བྱས་ཤིང་། གདེང་འཇོག་གི་ཚད་གཞི་དང་གོ་རིམ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ལས་དོན་གྱི་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་དང་ཇེ་ལེགས་སུ་བཏང་ནས། ཆ་འཕྲིན་ཅན་གྱི་གྲུབ་འབྲས་གང་ལེགས་སྤྱོད་པ་དང་། སྤུས་ཚད་གདེང་འཇོག་མ་ལག་གི་ཕན་ནུས་སྔར་བས་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས། 

ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ6པའི་ཚེས20ནས22ཉིན་པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་ཏེ། “ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར”དམིགས་ནས་གྲོས་མོལ་སྲིད་གླེང་བྱ་རྒྱུ་གཏན་འབེབས་བྱས། 

ཚོགས་འདུའི་ཐོག་ལུའུ་མིང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པར་རྒྱུན་མཐུད་ངོས་ལེན་བྱེད་པར་འབུལ་རྒྱུའི་གཏན་འབེབས་བྱས། 

ཀྲུའུ་ཞིའི་ཚོགས་འདུས2022ལོའི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པ་སྤེལ་བ་དང་། རྒྱལ་ཁབ་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པའམ་རྒྱལ་ཁབ་གནའ་གཞུང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲེ་ཆིང་གིས་གདན་ཞུ་ལྟར“གནའ་གཞུང་སྲུང་སྐྱོབ་དང་ཤེས་དཔལ་རྒྱུན་འཛིན་བྱས་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་སྟེ། རང་རྒྱལ་གྱི་དཔེ་རྙིང་གསོག་ཉར་དང་སྲུང་སྐྱོང་གནས་ཚུལ”ཞེས་པའི་སྙན་ཞུ་སྤེལ། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་ཡིན་པའི་ལི་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་དང་སྙན་སེང་ཞུས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི། ལིའུ་ཆི་པོ། ཝན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲིན་ཞའོ་ཀོང་། པ་ཐར། ཝང་ཡུང་ཆིང་། ཧི་ལི་ཧྥུང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།