ཀྲུང་གོ་བོད་ཀྱི་དྲ་བ།

ཀའོ་ཧྲིན་ཁོན་གྱིས་སྔར་ལས་ལེགས་པའི་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀའོ་ཧྲིན་ཁོན་གྱིས་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་གསར་གཏོད་བསམ་བློ་བརྗེ་རེས་ཚོགས་འདུ་ཐེངས་དགུ་པའི་ཐོག་སྲིད་ཁྲིམས་དྲིལ་སྒྲོག་གི་གླེང་ཕྱོགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྔར་ལས་ལེགས་པའི་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་དགོས་ཞེས་ནན་གྱིས་བསྟན།  

མི་དམངས་དྲ་བའི་གློག་འཕྲིན་ལྟར།  ཚེས12ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཧྲིན་ཁོན་གྱིས་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་གསར་གཏོད་བསམ་བློ་བརྗེ་རེས་ཚོགས་འདུ་ཐེངས་དགུ་པའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཞིང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། སྲིད་ཁྲིམས་དྲིལ་སྒྲོག་གླེང་ཕྱོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབ་པ་དང་། སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཤིང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་ནས། སྲིད་ཁྲིམས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཚོགས་འདུའི་ཐོག ས་གནས་ཏང་ཨུ5ཡི་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་སྲིད་ཁྲིམས་དྲིལ་སྒྲོག་གླེང་ཕྱོགས་ལས་དོན་ཡག་པོ་བསྒྲུབ་པའི་ཐད་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་གནང་བ་དང་།  ས་གནས་ཏང་ཨུ7གྱི་སྲིད་ཁྲིམས་ཨུ་ལྷན་གྱིས་ཡིག་ཐོག་ནས་བསམ་བློ་བརྗེ་རེས་བྱས། 

ཀའོ་ཧྲིན་ཁོན་གྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པར་སློབ་གསོ་ཁྲིད་སྟོན་བྱས་ནས། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ལ་དམིགས་ཏེ། རང་འགན་གཙང་སྒྲུབ་བྱེད་པ་དང་། དྲང་བཞག་དང་ཡ་རབས་ཀྱི་ཁྲིམས་བསྟར་ཁྲིམས་འཛིན་ནན་གྱིས་ཚད་ལྡན་དུ་གཏོང་དགོས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། མི་དམངས་མང་ཚོགས་ཚོས་དྲང་བཞག་དང་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས། སྲིད་ཁྲིམས་ལས་དོན་གྱི་ཆོས་ཉིད་དང་གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཆོས་ཉིད། དྲ་རྒྱ་བརྒྱུད་བསྒྲགས་ཀྱི་ཆོས་ཉིད་བཅས་ལ་བརྩི་སྲུང་བྱས་ཏེ། སྲིད་ཁྲིམས་དྲིལ་སྒྲོག་གླེང་ཕྱོགས་ལས་དོན་གྱི་འདུ་ཤེས་དང་བྱ་ཐབས་གསར་གཏོད་ཧུར་ཐག་བྱེད་པ་དང་། དུས་བསྟུན་ཕན་འབྲས་ལ་སྟངས་འཛིན་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་བཅས་བྱས་ཏེ་བརྒྱུད་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དྲང་ནུས་ཆེན་པོ་གཅིག་ཏུ་འགྲིལ་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།