ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མི་རིགས་ཤིག་གིས་ལང་ཚོར་རེ་བ་བཅོལ་ནས་ཇི་སྲིད་བར་དུ་ལང་ཚོ་དར་བར་བྱས་ན་མི་རིགས་དེ་ད་གཟོད་ཡར་རྒྱས་གོང་འཕེལ་འབྱུང་ཐུབ་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1211645416_16521447347491n.jpg

དེ་རིང(ཚེས10ཉིན)སྔ་དྲོར། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ལང་ཚོ་ལ་རེ་བ་ཚད་མེད་ཡོད་ཅིང་། ལང་ཚོ་ཡིས་མཛེས་སྡུག་ལྡན་པའི་མ་འོངས་བསྐྲུན་སྲིད། མི་རིགས་ཤིག་གིས་ལང་ཚོར་རེ་བ་བཅོལ་ནས་ཇི་སྲིད་བར་དུ་ལང་ཚོ་དར་བར་བྱས་ན་མི་རིགས་དེ་ད་གཟོད་ཡར་རྒྱས་གོང་འཕེལ་འབྱུང་ཐུབ་པར་བསྟན།

དེ་རིང་ང་ཚོ་འདི་རུ་གཟབ་རྒྱས་ངང་འདུ་འཛོམས་བྱས་ཏེ། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་པ་ནི། རྒྱ་ཆེ་བའི་གུང་གཞོན་ཚོགས་པའི་ན་གཞོན་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་། དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་རྒྱུ་དེ་ཡིན།  །

微信图片_20220510132550.png

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།