ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་མྱུར་སྐྱེལ་ལས་སྒོ་སྤེལ་ཚད་དུང་ཕྱུར242.3ཟིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུའུ་ནས་ཤེས་གསལ་ལྟར་ན། དུས་ཚིགས་དང་པོར་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོ་སྤེལ་ཚད་རིམ་རྩིས་བྱས་ན་དུང་ཕྱུར242.3ཟིན་པ་དེ་དུས་མཉམ་ལས10.5%འཕར་བ་དང་། ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར2392.8ཟིན་པ་དེ་དུས་མཉམ་ལས་6.9%འཕར་ཡོད།

ལས་སྒོའི་རིགས་ལ་བལྟས་ན། དུས་ཚིགས་དང་པོར་གྲོང་ཁྱེར་ནང་ཁུལ་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་རིམ་རྩིས་བྱས་ན་དུང་ཕྱུར29.2ཟིན་པ་དེ་དུས་མཉམ་ལས5.6%འཕར་བ་དང་། ས་གནས་གཞན་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་རིམ་རྩིས་བྱས་ན་དུང་ཕྱུར208.8ཟིན་པ་དེ་དུས་མཉམ་ལས་12.0%འཕར་ཡོད། ན་ནིང་གི་དུས་མཉམ་ལས་གྲོང་ཁྱེར་ནང་ཁུལ་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས0.6ཆག་པ་དང་། ས་གནས་གཞན་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས1.2འཕར་ཡོད།

ས་ཁུལ་གྱི་གྲུབ་ཆའི་ཐོག་ནས་བལྟས་ན། དུས་ཚིགས་དང་པོར་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་གྱི་བསྡུར་ཚད་སོ་སོར77.5%དང15.2%། 7.3%བཅས་ཡིན་པ་དང་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་ནི་སོ་སོར77.3%དང་།13.4%། 9.3%བཅས་རེད། ན་ནིང་གི་དུས་མཉམ་དང་བསྡུར་ན་ཤར་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས0.7ཆག་པ་དང་། དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས0.9འཕར་ལ། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་བསྐུར་གྲངས་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས0.2ཆག་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།