ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་ཐོག་མ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས8ཉིན་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། 2022ལོའི་ཟླ5བའི་ཚེས15ཉིན་གྱི་རྒྱལ་སྤྱིའི་ཁྱིམ་ཚང་ཉིན་མོའི་གཟའ་འཁོར་ནི་རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་དྲིལ་སྒྲོག་གཟའ་འཁོར་ཡིན་པ་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་པུའུ་ཡིས་ཉེ་སྔོན་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། ས་གནས་སོ་སོས་ཚེས9ཉིན་ནས་ཚེས15ཉིན་བར་གྱི་དྲིལ་སྒྲོག་གཟའ་འཁོར་སྐབས་སུ། བཅའ་ཁྲིམས་ཁྱིམ་ཚང་དུ་སྐྱེལ་བ་དང་ཁྱིམ་ཚང་སློབ་གསོའི་ཁྲོད་འཚར་ལོངས་འབྱུང་བ་ཞེས་པ་བརྗོད་བྱ་ཡིན་པ་དང་། རྒྱ་ཆེའི་ཁྱིམ་ཚང་ལ་ཕྱོགས་ཏེ་ཁྱིམ་ཚང་སློབ་གསོའི་དྲིལ་སྒྲོག་འགྲེམ་སྟོན་དང་བརྗོད་དོན་གཙོ་བོའི་ལག་ལེན་བྱ་འགུལ་སྤེལ་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལས་གཙོ་གནད་དུ་ཁྱིམ་སྲུང་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པ། གྱོད་འབྲེལ་ལོ་ན་མ་སོན་པའི་བྱིས་པ། དོ་དམ་ཤོར་བའི་ལོ་ན་མ་སོན་པའི་བྱིས་པའི་ཁྱིང་ཚང་ལ་དོ་སྣང་བྱེད་དགོས་པ་དང་། རིམས་འགོག་ལས་ཡུལ་དང་པོའི་སྨན་བཅོས་མི་སྣའི་ཁྱིམ་ཚང་སོགས་ལ་སེམས་ཁུར་བྱས་ཏེ། སྐུད་ལམ་ཤར་གཏོང་དང་གཅིག་གིས་གཅིག་ལ་ཁ་གཏད་པ་སོགས་ཀྱི་རྣམ་པ་སྤྱད་དེ། དམིགས་སའི་རང་བཞིན་གྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུ་འདོན་སྤྲོད་བྱས་པ་བརྒྱུད། ཁྱིམ་ཚང་གིས་བྱིས་པ་གསོ་སྐྱོང་བྱེད་པར་དོགས་གཞིར་ལེན་འདེབས་པ་དང་སེམས་ཁྲལ་དང་དཀའ་ངལ་སེལ་དགོས་པ་བསྟན།

རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་པུའུ་ཡིས་ཚེས9ཉིན་རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་དྲིལ་སྒྲོག་གཟའ་འཁོར་གྱི་དྲ་ཐོག་གི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བའི”སྟེགས་བུའི་སྟེང་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་ཀྱི་ཆེད་བསྒྲིགས་དྲིས་ལན་དུས་མཉམ་དུ་འདོན་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།