ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་ཚན་ཁག་བཙུགས་ཏེ་ཧུའུ་ནན་ཁྲང་ཧྲའི་སྡོད་དམངས་ཀྱི་རང་སྐྲུན་ཁང་བ་བརྡིབས་པའི་དོན་རྐྱེན་ཚབས་ཆེན་ལ་ཞིབ་བཤེར་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་དུས་ཚོད་བཅུ་གཉིས་དང་སྐར་མ་ཉི་ཤུའི་སྟེང་། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཝང་ཁྲིན་ཁུལ་གྱི་སྡོད་དམངས་རང་གིས་ལས་པའི་ཁང་བ་བརྡིབས་ནས་མི་སྣ་ཤི་རྨས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་ཆེད་དང་། ཙུང་ལི་ལིས་ཁི་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་ཚན་ཁག་བཙུགས་ཏེ། ཧུའུ་ནན་ཁྲང་ཧྲའི་བཞི་པའི་ཉེར་དགུ་ཉིན་གྱི་སྡོད་དམངས་ཀྱི་རང་སྐྲུན་ཁང་བ་བརྡིབས་པའི་དོན་རྐྱེན་ཚབས་ཆེན་ལ་ཞིབ་བཤེར་བྱེད་རྒྱུ་ཐག་བཅད།

དོན་རྐྱེན་ཞིབ་བཤེར་བྱ་བ་སྒྲུབ་སྐབས། ཚན་རིག་དང་མཐུན་ཞིང་གཟབ་ནན་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དང་དངོས་གཉེར་བདེན་འཚོལ། ཕན་ནུས་ལ་ཡིད་འཇོག་བྱེད་པ། མི་སྐྱུར་བ་བཞིའི་རྩ་དོན་ལྟར། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། དོན་རྐྱེན་གྱི་བསླབ་བྱ་སྤྱི་བསྡོམས་བྱེད་པ། ཁྱོན་ཡོངས་ནས་འགན་འཁྲི་རྩད་གཅོད་པ། དངོས་གཉེར་བདེན་འཚོལ་སྒོས་ཐག་གཅོད་གྲོས་གཞི་འདོན་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས། སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་པ་དང་འགན་འདྲི་ནན་མོ་བྱས་ནས། འདས་པོའི་ཁྱིམ་མི་དང་སྤྱི་ཚོགས་ཡོངས་ལ་འགན་འཁུར་བའི་སྒོ་ནས་གནས་ཚུལ་གསལ་བཤད་བྱེད་ངེས་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་བཤེར་ཚན་ཁག་དེར་འཕྲལ་བསྟུན་དོ་དམ་པུའུ་ཡིས་སྣེ་ཁྲིད་པ་དང་འབྲེལ་ཡོད་ཕྱོགས་དེའི་ཁྲོད་དུ་ཞུགས་པ། དེ་དང་མཉམ་དུ་བཟོ་སྐྲུན་དང་བདེ་འཇགས། བཅའ་ཁྲིམས་སོགས་ཕྱོགས་ཀྱི་དབང་ཟིལ་ཆེད་མཁས་པའི་གྲུབ་པའི་ཆེད་མཁས་ཚན་ཁག་གདན་དྲངས་ནས་བྱ་བར་ཞིབ་བཤེར་བྱེད་པར་ཆེད་ལས་འདེགས་ཤུགས་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།